ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུན་ལན་གྱིས་སློབ་གསོ་པུའུ་ཡི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚེས་ཉེར་དགུ་ཉིན་སློབ་གསོ་པུའུ་ཡི་བྱ་བར་རྟོག་ཞིབ་བྱེད་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་པར་མ་ཟད། སློབ་གསོ་ལས་དོན་སྔོན་སྐྱོད་འཕེལ་རྒྱས་ཀྱི་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་བྱས་ནས། སློབ་གསོ་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། སློབ་གསོ་མྱུར་དུ་དེང་རབས་ཅན་དུ་སྒྱུར་བ། མི་དམངས་ཡིད་ཚིམས་པའི་སློབ་གསོ་ལས་དོན་བསྒྲུབ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྒྱབ་བརྟེན་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

སུན་ཁྲུན་ལན་གྱིས་ནན་གྱིས་བཤད་རྒྱུར། སློབ་གསོ་ནི་དམངས་ཚིས་ཡིན་ལ། རྒྱལ་ཇུས་ཀྱང་ཡིན་པས། ལོ་རྒྱས་ཀྱི་ཕྱོགས་མཚམས་གསར་བར་རྐང་བཙུགས་ཏེ། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་སློབ་གསོ་བཅོས་སྒྱུར་ཇུས་འགོད་བྱེད་པ་དང་དེར་སྐུལ་འདེད་གཏོང་དགོས། མི་སྐྱེད་སྲིང་བྱེད་པ་རྩ་བར་འཛིན་པ་དང་། ཀུན་སྤྱོད་གཙིགས་སུ་བཟུང་ནས། མི་བཟང་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་སློབ་གསོ་ལས་དོན་གྱི་གོ་རིམ་ཧྲིལ་བོར་སྦྲེལ་ནས། སྟོབས་ཤུགས་ཡོད་རྒུས་སློབ་མའི་ཤེས་ཚོར་གྱི་ནུས་པ་དང་མཉམ་ལས་ཀྱི་ནུས་པ། གསར་གཏོད་ཀྱི་ནུས་པ། ལས་རིགས་ཀྱི་ནུས་པ་བཅས་མཐོར་འདེགས་སུ་གཏོང་བ་དང་། སློབ་མ་སྤྱོད་ཡོན་གཉིས་ལྡན་དང་ཁྱོན་ཡོངས་ནས་གོང་འཕེལ་དུ་བཏང་སྟེ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཁག་ཁུར་བྱེད་ཐུབ་པའི་དུས་རབས་ཀྱི་མི་གསར་བ་སྐྱེད་སྲིད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།