ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒོ་བྱང་གི་ཡོལ་བ་འབྱེད་པ་དང་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གསུམ་ཉིན་སྒོ་བྱང་གི་ཡོལ་བ་ཕྱེས་ཤིང་། གསར་དུ་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་གྱིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་སྒོ་བྱང་གི་ཡོལ་བ་འབྱེད་པ་དང་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་པར་མ་ཟད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་ཚོགས་ཆེན་སྟེང་ནས་གསུངས་བཤད་གནང་། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་། ཚོགས་ཆེན་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། ཐོག་མའི་ཆོད་སེམས་མི་བརྗེད་པར་བྱེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་ཉར་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས། ལྟ་ཞིབ་བཅའ་ཁྲིམས་བཅས་ཀྱི་འགན་ནུས་གཙོ་བོ་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་གཏིང་ཟབ་སར་སྤེལ་བ་བཅས་ལ་འབད་མཐར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གྱི་མགོ་གནོན་རང་བཞིན་ལ་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱེད་དགོས་ཟེར།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་ཀྱི་ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་ནས་ནུས་པ་ཐོན་པ་མཚོན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་དངོས་སུ་གྲུབ་པ་མངོན་པར་མཚོན་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་གོ་གནས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་བསྡུས་འགོ་ཁྲིད་གྱི་འོས་འགན་དམིགས་བསལ་དང་འགན་འཁྲི་ལྕི་མོར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ལས་རིམ་ཁག་སོ་སོའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་དགོས། ཏང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐུན་མོང་གཅིག་བསྡུས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལྟར་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པའི་འགན་ནུས་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་བསམ་བློ་བཀོལ་བ་དང་ཁྲིམས་སྐྱོང་བྱེད་ཐབས་སྤེལ་བའི་བྱ་བ་རྒྱུན་འཁྱོངས་བྱེད་དགོས། སྤྱི་མཐུན་དབང་ཆ་ཡོད་པའི་གཞུང་ཞབས་མི་སྣར་ལྟ་ཞིབ་ཀྱིས་ཁེབས་པར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྨང་རྐང་བརྟན་པོའི་སྒོ་ནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཉིས་ལྷག་ལུས་མེད་པའི་སྒོ་ནས་སིམ་འདྲེས་ཡོང་བར་བྱེད་པའི་ལས་དོན་ཡར་ལྡན་དུ་སྤེལ་དགོས་ཟེར། 
དབྱང་ཞའོ་ཏུའུ་ཡིས་ཐེངས་འདིའི་མཛད་སྒོར་འགོ་འཛིན་བྱས། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།