ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ཟབ་གཏོང་ཇུས་གཞི》བཀྲམ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》བཀྲམ་པ་དང་སྦྲགས། བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡིག་ཆ་ཆ་ཚང་ཁག་བརྒྱད་ལ་ཕྱེ་ཡོད། དེའི་ནང་ཏང་ཀྲུང་དབྱང་གི་ལས་ཁུངས་སྒྱུར་བཅོས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་སྒྱུར་བཅོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས། རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་སྒྱུར་བཅོས། སྲིད་འཛིན་ཁྲིམས་འཛིན་གྱི་སྒྲིག་གཞི་སྒྱུར་བཅོས། དམག་དཔུང་དང་ས་གནས་བརྒལ་བའི་སྒྱུར་བཅོས། མང་ཚོགས་རྩ་འཛུགས་ཀྱི་སྒྱུར་བཅོས། ས་གནས་ལས་ཁུངས་ཀྱི་སྒྱུར་བཅོས་བཅས་ཟབ་ཏུ་གཏོང་རྒྱུ་ཚུད་ཡོད།

དེའི་ནང་ཏང་ཀྲུང་དབྱང་གི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ནང་དོན་གྲས་སུ།

(གཅིག) རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ལྟ་ཞིབ་པུའུ་དང་རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་མེད་པར་བཟོ་རྒྱུ།

(གཉིས) ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།

(གསུམ) ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།

(བཞི) ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་དང་། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་། ཀྲུང་དབྱང་ཕྱི་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཅས་ཨུ་ཡོན་ལྷན་ཁང་དུ་བསྒྱུར་རྒྱུ།

(ལྔ) ཀྲུང་དབྱང་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུ།

(དྲུག) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།

(བདུན) ཀྲུང་དབྱང་ཏང་གི་སློབ་གྲྭ་གསར་པ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)འཛུགས་རྒྱུ།

(བརྒྱད) ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཚགས་ཞིབ་འཇུག་ཁང་འཛུགས་རྒྱུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། ཀྲུང་དབྱང་ཚད་ལྡན་ཡིག་ཚགས་ཞིབ་འཇུག་ཁང་། ཀྲུང་དབྱང་རྩོམ་སྒྱུར་ཅུས་བཅས་མེད་པར་བཟོ་རྒྱུ།

(དགུ) ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་ལ་གཅིག་གྱུར་དོ་དམ་བྱ་རྒྱུ།

(བཅུ) ཀྲུང་དབྱང་རྩ་འཛུགས་པུས་གཞུང་ལས་པའི་ལས་དོན་ལ་གཅིག་གྱུར་དོ་དམ་བྱ་རྒྱུ།

(བཅུ་གཅིག) ཀྲུང་དབྱང་དྲིལ་བསྒྲགས་པུས་གསར་འགྱུར་དཔེ་སྐྲུན་ལས་དོན་ལ་གཅིག་གྱུར་དོ་དམ་བྱ་རྒྱུ།

(བཅུ་གཉིས) ཀྲུང་དབྱང་དྲིལ་བསྒྲགས་པུས་གློག་བརྙན་ལས་དོན་ལ་གཅིག་གྱུར་དོ་དམ་བྱ་རྒྱུ།

(བཅུ་གསུམ) ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ།

(བཅུ་བཞི) ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་ཆོས་ལུགས་ལས་དོན་ལ་གཅིག་གྱུར་དོ་དམ་བྱ་རྒྱུ།

(བཅོ་ལྔ) ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་ཕྱིར་སྡོད་རང་མིའི་ལས་དོན་ལ་གཅིག་གྱུར་དོ་དམ་བྱ་རྒྱུ།

(བཅུ་དྲུག) ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་འགན་འཁྲི་ལེགས་སུ་གཏོང་རྒྱུ།

(བཅུ་བདུན) ཀྲུང་དབྱང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུ་མིན་པ།

(བཅོ་བརྒྱད) ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་དང་དེའི་གཞུང་ལས་ཁང་འཛུགས་རྒྱུ་མིན་པ།

(བཅུ་དགུ) ཀྲུང་དབྱང་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་ལས་ཁང་འཛུགས་རྒྱུ་མིན་པ།

(ཉི་ཤུ) ཀྲུང་དབྱང་ལོག་ཆོས་གནད་དོན་སྔོན་འགོག་དང་ཐག་གཅོད་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་ལས་ཁང་གི་འགན་འཁྲི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་སྤྱི་བདེ་པུའུ་ལ་རྩིས་སྤྲོད་བྱ་རྒྱུ་བཅས་ཚུད་ཡོད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།