ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་ཚོགས་པ་དང་ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e0561a3f31061bbca4c7b6bafbc1e198.jpg

ཟླ3པའི་ཚེས21ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷནཁང་གི་གྲོས་ཚོགས་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས21ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷནཁང་གི་གྲོས་ཚོགས་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

གྲོས་འཆམ་བྱུང་བའི་གྲོས་རིམ་ལྟར། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། ཞིན་ཁྲུན་དབྱིན་དང་ཧན་ཞོ་ཝུའུ། གོ་ལོས། ཀུའུ་ཞོ་ཡུས། གོ་ཀྲིན་ཧྭ། ཁི་ལེང་ཏུན། ཧི་ཞིན་བཅས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པར་བསྐོ་འཇོག་བྱས།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། ལིག་ཁུང་གི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བླངས་པ་དང་། ཧྲི་ཡའོ་པེན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བསྐོ་འཇོག་བྱས། ལིས་ཧྥེ་ཡི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བླངས་པ་དང་། ཧྲིན་ཁྲུན་ཡའོ་གོང་གི་གཞི་རྩའི་བཅའ་ཁྲིམས་གཉིས་ཀྱི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བསྐོ་འཇོག་བྱས།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། ལིག་ཅིན་གོ་དང་ཡང་ཞོ་ཁྲའོ། ལིས་ཧྲུའུ་ལེ། ཞུའུ་ལིན་དབྱིས། ཞོ་ཕེ། ཁྲིན་ཞོ་ཅང་བཅས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོ་འཇོག་བྱས་པ་དང་། ཝང་ཧོང་ཅིན་དང་པད་ཞོ་ཁང་། ཙིག་ཅ་ཡེ། ཀྲང་ཁྲུན་ཧྲིན། ཁྲིན་ཁྲའོ་དབྱིན། ཧིག་ཁེ། ཅང་ཞིན་ཀྲི། ལིན་ཅི། ཚོས་ཕིན། ལུའུ་ཞི་བཅས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་འཇོ་བྱས།

ཚོགས་ཐོག་ནས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། ལེ་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་། ཁོང་གིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་ལ་ཐུག་ཡོད་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ནུས་ལྡན་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཡུན་རིང་ལ་རྒྱུན་འཁྱོངས་དང་མུ་མཐུད་དུ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།