ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2018-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་ཁང་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚེས19ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། གྲོས་ཚོགས་ལ་མི190ཞུགས་དགོས་ཤིང་། དོན་དངོས་སུ་མི190ཞུགས་ཡོད་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

1122560921_15214688248801n.jpg

ཟླ3པའི་ཚེས19ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས་ཤིང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

1122560921_15214688250021n.jpg

ཟླ3པའི་ཚེས19ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས་ཤིང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཟླ3པའི་ཚེས19ཉིན་གྱི་ཕྱི་དྲོར། འཐུས་མི་ཚོགས་པ་སོ་སོས་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་། 2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ། 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི། 2017ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ཀྱི་གྲོས་ཆོད་མ་ཟིན6ལ་གྲོས་ཞིབ་བྱས་པ་དང་། ལྟ་བཤེར་བཅའ་ཁྲིམས་ཀྱི་འཆར་ཟིན་གྲོས་གཞིར་བརྡས་ཐག་གཅོད་པའི་མ་ཟིན་ལ་གྲོས་ཞིབ་བྱས་ཏེ། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་བརྡས་ཐག་གཅོད་པར་འཐད་པ་བྱུང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་ལྟར། གྲོས་ཚོགས་སྟེང་སོ་སོར་བརྡས་ཐག་བཅད་དེ་ཚོགས་ཆེན་གྱི་གྲོས་ཆོད་མ་ཟིན་སོ་སོ་དང་ལྟ་བཤེར་བཅའ་ཁྲིམས་ཀྱི་འཆར་ཟིན་འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་ཞིབ་བྱེད་དུ་འཇུག་རྒྱུའི་ཐག་བཅད།

 ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་གོང་གི་འཆར་ཟིན་དག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་སྤྲད་དེ་བརྡས་ཐག་གཅོད་རྒྱུའི་ཐག་བཅད།

ཀྲུའི་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཞི། ཝང་ཁྲེན། ཚའོ་ཅན་མིང་། ཀྲང་ཁྲུང་ཞན། ཧྲིན་ཡུའེ་ཡུའེ། ཅི་ཕིན་ཞོན། ཨའེ་ལི་ཀེན་དབྱི་མིང་པ་ཧེ། ཝན་ཨི་ཞང་། ཁྲེན་ཀྲུའུ་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།