ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོའི་གཙོ་འཛིན་དང་རྒྱལ་སྤྱིའི་རྩ་འཛུགས་འགན་ཁུར་མི་སྣས་ཞི་ཅིན་ཕིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་མང་པོའི་གཙོ་འཛིན་དང་རྒྱལ་སྤྱིའི་རྩ་འཛུགས་འགན་ཁུར་མི་སྣས་གློག་འཕྲིན་བཏང་ནས། ཞི་ཅིན་ཕིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།

ཁྲའོ་ཞན་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱིས། ངས་འདི་ནས་ཁྱེད་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོ་མི་དམངས་ཀྱིས་ཁྱེད་རང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཁྲོད་གྲུབ་འབྲས་ཆེན་པོ་ལེན་ཐུབ་པའི་རེ་བ་ཡོད། ང་རང་ངོས་ནས་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཐུན་མོང་གི་ཁེ་ཕན་དང་འཚམ་པའི་ཕྱོགས་སུ་འཕེལ་ཐུབ་པར་ཡིད་ཆེས་ཟབ་མོ་ཡོད་ཅེས་བཤད།

དེ་མིན་ད་དུང་ཁན་ཕུའ་ཀྲེ་རྒྱལ་ཁབ་ཀྱི་རྒྱལ་པོ་དང་སིང་ག་ཕོར་གྱི་ཙུང་ལི། ཝུའུ་ཚི་པའེ་ཁི་སི་ཐན་གྱི་ཙུང་ཐུང་། དབྱི་ཐ་ལིའི་ཙུང་ཐུང་། ཕུའུ་ཐའོ་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་ཟི་སོགས་ཀྱིས་ཀྱང་རིམ་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས། 
 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།