ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་གྱིས་གསར་འགོད་པའི་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་ལྟེ་གནས་ཀྱིས་ཚེས་བཅུ་དྲུག་ཉིན་གསར་འགོད་པའི་ཚོགས་འདུ་བསྡུས། སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲིན་པའོ་ཧྲིན་གྱིས་བྱིས་པ་ཚང་མར་འདྲ་མཉམ་ཡིན་ལ་རྒྱུ་སྤུས་ཅན་གྱི་སློབ་གསོ་མྱང་དུ་འཇུག་པར་འབད་བརྩོན་བྱེད་པའི་འབྲེལ་ཡོད་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ། སྔོན་འགྲོའི་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་ལ་ཇི་ལྟར་ཤུགས་སྣོན་པའི་དྲི་བར་ལན་འདེབས་སྐབས། ཁྲིན་པའོ་ཧྲིན་གྱིས་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལོ་གསུམ་གྱི་འཆར་གཞི་ཐེངས་གསུམ་པ་ལག་བསྟར་བཟང་པོ་བྱེད་རྒྱུ་ཡིན་ཞེས་བཤད།

མཁར་གྲོང་གི་འཛིན་གྲྭ་ཆེན་པོའི་གནད་དོན་ཇི་ལྟར་ཐག་གཅོད་པའི་དྲི་བར་ལན་འདེབས་སྐབས། ཁྲིན་པའོ་ཧྲིན་གྱིས་མ་འོངས་པར་གྲོང་ཁྱེར་དུ་འཚང་ཁ་རྒྱག་པ་དང་ཞིང་སྡེ་རུ་སྟོབས་ཤུགས་ཞན་པའི་གནད་དོན་གཉིས་ལ་གཅིག་གྱུར་གྱིས་བསམ་བློ་གཏོང་རྒྱུ་ཡིན། གྲོང་ཁྱེར་གྱི་སྲོག་ཤིང་ནི་བསླབ་གནས་ཇེ་མང་དུ་གཏོང་རྒྱུ་དང་། ཞིང་སྡེའི་གཙོ་གནད་ནི་སློབ་ཁྲིད་ས་ཚིགས་དང་བཅའ་སྡོད་ལུགས་ཀྱི་སློབ་གྲྭ་བཟང་པོར་བསྒྲུབ་རྒྱུ་དེ་ཡིན་ཞེས་བཤད།

དེས་མི་ཚད་ཁྲིན་པའོ་ཧྲིན་གྱིས་ད་དུང་མཐོ་རིམ་སློབ་གྲྭའི་སློབ་སྒྲུབ་སྤུས་ཚད་དང་སློབ་མའི་ཁུར་བོ་ཇེ་ཡང་དུ་གཏོང་བ། མཐོ་རྒྱུགས་བཅོས་སྒྱུར་སོགས་གནད་དོན་ཚ་ཤོས་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།