ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1e87a187412db4d0d3c79f9f7431e8f5.jpg

ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཁྲིམས་གཞི་ཚན་ཁག་གི་ཚན་གཙོ་ཧྲིན་ཁྲུན་ཡའོ་ཡིས་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་མངག་བཅོལ་ལྟར་ཕུལ་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་གཞིའི་བརྡས་ཐག་གཅོད་པའི་མ་ཡིག་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། འཆར་ཟིན་གྱི་བརྡས་ཐག་གཅོད་པའི་མ་ཡིག་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བཞི་བར་སྤྲད་དེ་གྲོས་ཞིབ་བྱེད་པར་འཐད་པ་བྱུང་།

ཚོགས་ཐོག་ནས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་ཚོགས་ཆེན་སྟེང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པའི་ཆོད་དོན་འཆར་ཟིན་གྲོས་ཞིབ་གནས་ཚུལ་སྐོར་གྱི་ཡར་ཞུ་དང་ཚོགས་ཆེན་སྟེང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་གདམ་མིའི་བརྡས་ཐག་གཅོད་པའི་བྱེད་ཐབས་འཆར་ཟིན་གྲོས་ཞིབ་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། འཆར་ཟིན་དེ་གཉིས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བཞི་བར་སྤྲད་དེ་གྲོས་ཞིབ་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཅང་ཞིན་ཀྲི་ཡིས་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་གདམ་མི་ལ་གྲོས་བསྡུར་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། མིང་ཐོའི་འཆར་ཟིན་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བཞི་བར་སྤྲད་ནས་གྲོས་ཞིབ་བྱེད་རྒྱུ་ཐག་བཅད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།