ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཁྲུང་ཆིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9d612c297474402700630d18d4008ed2.jpg

 ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲུང་ཆིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཁྲུང་ཆིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཚོགས་འདུའི་སྟེང་ཁྲིན་མེན་ཨར་དང་ཐང་ལེང་ཀྲི། ཀྲང་ཞོན། མཱ་ཧྲན་ཞང་། ལིས་ཁྲུན་ཁོས། ཀྲུའུ་མེན་ཡེའོ། ལིའུ་ཅ་ཆི། ཧྲིན་ཐེ་མེ་བཅས་འཐུས་མི་བརྒྱད་ཀྱིས་སྔ་གཞུག་ཏུ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་ཆེན་གྱིས་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་དུ་ནུས་པ་འདོན་པ། འབྲི་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ། ལས་སྐྲུན་གསར་གཏོད་བྱེད་པ། གཞི་རིམ་གྱི་ཏང་འཛུགས་ལ་ཤུགས་སྣོན་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་བཏོན། ཀྲང་ཞོན་གྱིས་ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་བཤད་སྐབས། ཞི་ཅིན་ཕིང་གིས་ཏང་ཚོའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་ཚང་མ་ཕྱོགས་བསྡུས་རང་བཞིན་གྱི་ལས་བྱེད་པར་གྱུར་ནས། ལས་གནས་གང་དུ་བྱ་བ་སྒྲུབ་ཀྱང་ཚང་མར་གཞི་རྩའི་ཤེས་བྱའི་མ་ལག་འཛོམས་དགོས་ལ། དེའི་རྨང་གཞིའི་སྟེང་ཆེད་དུ་ལས་རིགས་ཤིག་ལ་འབད་བརྩོན་བྱེད་དགོས། ལས་བྱེད་པའི་གསོ་སྦྱོང་མ་ལག་ཀྱང་དམིགས་འབེན་འདི་ལ་དམིགས་ནས་བཅོས་སྒྱུར་བྱེད་དགོས་ཞེས་ནན་གྱིས་བསྟན། མཱ་ཧྲན་ཞང་གིས་གཞི་རིམ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དངོས་འབེབས་བྱེད་པའི་གཏམ་བཤད་ལ་ཉན་རྗེས། ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐོག་ཁང་ཆེན་མོ་འདི་གདུང་བཞི་ཀ་བརྒྱད་ལ་བརྟེན་ཡོད་ལ། ཏང་ནི་དེའི་ཁྲོད་ཀྱི་སྤྱིའི་སྒྲོམ་གཞི་ཡིན་པ་དང་། ཏང་ཀྲུང་དབྱང་ནི་གདུང་འདེགས་ཀྱི་ཀ་བ་ལྟ་བུ་ཡིན། དེ་དང་མཉམ་དུ་རྨང་གཞི་ནི་ཧ་ཅང་གལ་ཆེ་སྟེ། རྨང་གཞི་མ་བརྟན་ན་ཁང་པ་བརྡིབས་ངེས། གཞི་རིམ་ནས་ངེས་པར་དུ་ཏང་ཀྲི་པུའུ་ཡི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཕུལ་བྱུང་རྐང་འཛིན་མི་སྣ་ཁྲི་སྟོང་མང་པོས་དོན་དངོས་ལ་སྦྲེལ་ནས་བྱ་བ་སྣ་ཚོགས་དངོས་འབེབས་བཟང་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་མཇུག་མཐར་གསུང་བཤད་གལ་ཆེན་གནང་སྐབས། ཁྲུང་ཆིན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་བརྟན་བརླིང་གཟབ་ནན་གྱིས་ནང་ལོག་གི་སྒོ་འབྱེད་ཀྱི་མཐོ་ས་དང་རི་ཆུ་མཛེས་སྡུག་གི་ཡུལ་གྲུ་མྱུར་དུ་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། རྒྱུ་སྤུས་མཐོ་བའི་འཚོ་བ་གསར་སྐྲུན་བྱས་ནས། ཁྲུང་ཆིན་གྱི་བྱ་བ་སྣ་ཚོགས་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་དགོས་པའི་ཐུགས་རེ་བཏོན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།