ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0c348fff622a1391b9d6fda5c0ea782a.jpg

ཟླ3པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་གྲོས་ཚོགས་ལ་ཞུགས།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲང་ཁྲུན་ཞན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མ་ཧྥུན་གོ་དང་པ་ཡིན་ཁྲའོ་ལུའུ། ཝུའུ་དབྱིན་ཅེ། དབྱིན་དབྱི་ཚོས། ལུའུ་ཞིན་ཧྲི། ཕིན་ཆིན་ཧྭ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་གནས་སུ་བསྡུད་ཡོད།

གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་བརྒྱད་ཅུ་ཞུགས་དགོས་པ་དང་ཉིན་དེའི་གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དྲུག་ཅུ་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

ཚོགས་ཐོག་ཏུ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་ཕྱོགས་དགུ་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདས་པའི་ལོ་ལྔའི་བྱ་བ་གཙོ་བོ་ཡར་ཞུ་བྱས་པ་དང་མཉམ་དང་ཕྱོགས་བདུན་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བའི་གྲོས་གཞི་ཡར་ཞུ་བྱས། གཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱེད་དགོས། གཉིས། ཁྲིམས་ལྟར་ནག་ཉེས་བཟོ་མཁན་ལ་ཆད་པ་ནན་མོ་གཅོད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས། གསུམ། ཁྲིམས་ལྟར་དཔལ་འབྱོར་ཁྱབ་ཁོངས་ཀྱི་གྱོན་གཞི་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས། བཞི། དམངས་ཀྱི་དོན་དུ་ཁྲིམས་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས། ལྔ། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དྲུག རྒྱུན་མཐུད་སྒོས་ཁྲིམས་འཛིན་མངོན་གསལ་གཏིང་ཟབ་ཏུ་སྤེལ་ནས་ནུས་ལྡན་ཁྲིམས་ཁང་མྱུར་དུ་འཛུགས་སྐྲུན་བྱེད་དགོས། བདུན། སྟོབས་ལྡན་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ་དྲང་བཞག་སྤྱོད་གཙང་ཁྲིམས་འཛིན་འགན་སྲུང་བྱེད་དགོས་པ་བཅས་རེད།

ཚོགས་ཐོག་ཏུ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཚོ་ཅན་མེན་གྱིས་ཕྱོགས་བདུན་ནས་འདས་པའི་ལོ་ལྔའི་ཞིབ་དཔྱོད་བྱ་བར་ཕྱིར་དྲན་བྱས་པ་དང་མཉམ་དུ་ཕྱོགས་དྲུག་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ཞིབ་དཔྱོད་བྱ་བར་གྲོས་གཞི་བཏོན། གཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱེད་དགོས། གཉིས། བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་བ་སྲུང་སྐྱོབ་བྱེད་དགོས། གསུམ། ཧུར་ཐག་སྒོས་དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས། བཞི། ཤུགས་ཆེན་པོས་བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་བསྣན་ནས་རྒྱལ་ཁབ་ཁྲིམས་ལུགས་གཅིག་གྱུར་གྱི་དབང་ཟིལ་སྲུང་སྐྱོབ་བྱེད་དགོས། ལྔ། བཅོས་སྒྱུར་གྱི་ཆབ་སྲིད་གཏན་ཤུགས་ཇེ་ཆེར་བཏང་ནས་བཅོས་སྒྱུར་མཐའ་འཁྱོལ་བ་བྱེད་དགོས། དྲུག ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དངོས་འབེབས་བྱེད་པ་དང་ཞིབ་དཔྱོད་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་ནུས་པ་ཆེན་པོ་ལྡན་པའི་དུས་རབས་གསར་པའི་ཞིབ་དཔྱོད་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས་པ་བཅས་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།