ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྲིད་གྲོས་གྲོས་ཚོགས་ལ་ཞུགས་པའི་ཀྲུང་གོ་དམངས་གཙོ་མནའ་མཐུན་དང་ཀྲི་གུང་ཏང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཕྱི་སྡོད་རང་མིའི་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༦.jpg

ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཀྲུང་གོ་དམངས་གཙོ་མནའ་མཐུན་དང་ཀྲི་གུང་ཏང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཕྱི་སྡོད་རང་མིའི་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པ་དང་། མཉམ་འབྲེལ་ཚན་ཆུང་གྲོས་ཚོགས་ལ་ཞུགས་ཏེ་བསམ་འཆར་དང་གྲོས་གཞི་ལ་ཉན་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཀྲུང་གོ་དམངས་གཙོ་མནའ་མཐུན་དང་ཀྲི་གུང་ཏང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཕྱི་སྡོད་རང་མིའི་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པར་མ་ཟད། མཉམ་འབྲེལ་ཚན་ཆུང་གྲོས་ཚོགས་ལ་ཞུགས་ཏེ་བསམ་འཆར་དང་གྲོས་གཞི་ལ་ཉན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་འགོ་འཛིན་པ་ཝང་དབྱང་འཚམས་འདྲི་དང་གྲོས་བསྡུར་ལ་ཞུགས།

མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་སྟེང་ཚོ་ཝེ་ཞིན་དང་ཀྲིག་ཀྲུང་ཧི། ཀའོ་ཅེ་སོགས་ཨུ་ཡོན་བརྒྱད་ཀྱིས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་ཕྱི་ཕྱོགས་འབྲེལ་བ་མ་བཙུགས་པའི་རྒྱལ་ཁབ་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། ཚན་རྩལ་དཔྱད་འཇོག་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཕུལ་བྱུང་བརྩམས་ཆོས་ལ་བརྟེན་ནས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་པ། གོ་རིམ་ལྡན་པའི་ཤེས་ལྡན་མི་སྣའི་འཁོར་རྒྱུགས་རྐྱེན་སྲོལ་འཛུགས་པ་སོགས་ཀྱི་གནད་དོན་ཐད་ནས་གཏམ་བཤད།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱི་དམངས་གཙོ་མནའ་མཐུན་དང་ཀྲི་གུང་ཏང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཕྱི་སྡོད་རང་མིའི་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པར་མ་ཟད་ཚང་མ་དང་ལྷན་དང་གྲོས་བསྡུར་དང་བརྗེ་རེས་བྱས་པར་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་། ཚང་མས་གཏམ་བཤད་སྐབས་བསམ་འཆར་དང་གྲོས་གཞི་གལ་ཆེན་བཏོན་པར་འབྲེལ་ཡོད་ལས་ཁུངས་ཀྱིས་ཧ་ཅང་མཐོང་ཆེན་བྱེད་པ་དང་ནན་ཏན་སྒོས་ཞིབ་འཇུག་བྱེད་དགོས། བདག་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ཏེ་འདིར་བཞུགས་ཀྱི་ཨུ་ཡོན་སོ་སོ་དང་རྒྱ་ཆེའི་དམངས་གཙོ་ཏང་ཁག་སོ་སོའི་ཁོངས་མི། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཕྱི་སྡོད་རང་མི་དང་ཕྱིར་ལོག་པའི་ཕྱི་སྡོད་རང་མིའི་གཉེན་ཉེ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་མཁན་དང་ལས་རོགས་པ། ལས་གྲོགས་བཟང་བོ་བྱེད་དགོས་པ་དང་། འགན་འཁྲི་དང་ཁག་ཁུར་ནུས་པ་ཇེ་ཆེར་བཏང་ནས་མཉམ་དུ་ཀྲུང་གོའི་དོན་དག་བཟང་བོར་བསྒྲུབ་དགོས། དུས་རབས་གསར་བའི་ཏང་མང་མཉམ་ལས་ཀྱི་སྟེགས་བུ་ཧ་ཅང་རྒྱ་ཆེ་བས། སྲིད་ཏང་གྲོས་མོལ་གྱི་དམངས་གཙོའི་རྣམ་པ་དང་ལམ་ལུགས་ཐབས་ལ་བརྟེན་ནས་དོན་དག་ཡོད་ན་གྲོས་མོལ་གང་མང་བྱེད་པ་དང་དོན་དག་ཡོད་ན་གྲོས་མོལ་བྱས་ཆོག་ལ། གྲོས་མོལ་བྱས་པ་བརྒྱུད་དེ་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་བློ་གྲོས་གཅིག་སྡུད་བྱེད་པ། སྟོབས་ཤུགས་གཅིག་སྡུད་བྱེད་དགོས། སྲིད་ཏང་གྲོས་མོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་ནི་ཕྱིའི་རྣམ་པ་ཙམ་མ་ཡིན་པར་སྐད་ཆར་གཞི་འཛིན་ས་ཡོད་པ་དང་གནས་ལུགས་ཡོད་པ། ཚད་ཡོད་པ་བཅས་བྱེད་དགོས་པ་དང་། རྣམ་དག་གྲོས་མོལ་དང་དངོས་གཉེར་གྲོས་མོལ་བྱེད་པ། དོན་དངོས་གླེང་བ་དང་ཇུས་བཟང་འདོན་པ། སྲིད་ཞུགས་གནད་ལ་འཁེལ་བ་དང་སྲིད་གླེང་དོན་འཁྱོལ་བྱས་ཏེ། ཧུར་ཐག་སྒོས་གྲོས་མོལ་བྱེད་ཤེས་པ་དང་སྲིད་གླེང་བྱེད་མཁས་པར་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།