ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་སོགས་ལས་ཁུངས་ཀྱིས«ལས་རིགས་སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་ལ་ཡར་སྐུལ་བྱེད་པའི་བྱེད་ཐབས»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་སློབ་གསོ་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། ཉེ་ལམ་སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་། བཟོ་ལས་ཆ་འཕྲིན་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་དཔྱ་ཁྲལ་སྤྱི་ཁྱབ་ཅུའུ་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་སྒོས«ལས་རིགས་སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་ལ་ཡར་སྐུལ་བྱེད་པའི་བྱེད་ཐབས»འགྲེམ་སྤེལ་བྱས། བྱེད་ཐབས་ལས་ལས་རིགས་སློབ་གྲྭ་དང་ཁེ་ལས་བར་གྱི་དམིགས་འབེན་རྩ་དོན་དང་ལག་བསྟར་གཙོ་གཞི། མཉམ་ལས་ཀྱི་རྣམ་པ། ཡར་སྐུལ་བྱེད་ཐབས། ལྟ་སྐུལ་ཞིབ་བཤེར་སོགས་གཏན་འཁེལ་བྱས་པ་དང་སློབ་གྲྭ་དང་ཁེ་ལས་བར་དུ་མཉམ་ལས་བྱེད་པའི་གཞི་རྩའི་ལམ་ལུགས་ཀྱི་སྤྱི་ཁོག་བཙུགས།

སློབ་གསོ་པུའུ་ལས་རིགས་སློབ་གསོ་དང་མི་དར་མའི་སློབ་གསོ་ཟིའི་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ལས་རིགས་སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་ལ་ཡར་སྐུལ་བྱེད་པའི་བྱེད་ཐབས་ལ་སྤྱིའི་རྩ་དོན་དང་མཉམ་ལས་ཀྱི་རྣམ་པ། ཡར་སྐུལ་བྱེད་ཐབས། ལྟ་སྐུལ་ཞིབ་བཤེར་སོགས་ལེའུ་ལྔ་ཡོད་པ་དང་དོན་ཚན་སོ་བཞི་ཡོད་ཟེར།

བྱེད་ཐབས་ལས་ཆ་རྐྱེན་ལྡན་པའི་ཁེ་ལས་ཀྱིས་ལས་རིགས་སློབ་གྲྭ་བསྒྲུབ་པ་དང་ཡང་ན་དེའི་ཁྲོད་དུ་ཞུགས་པར་སྐུལ་མ་གཏོང་བ་དང་། སློབ་མའི་དངོས་སྦྱོང་དང་གསོ་སྐྱོང། དགེ་རྒན་གྱི་ལག་ལེན་ལས་གནས་སོགས་བཀོད་སྒྲིག་བྱེད་རྒྱུ་གཏན་འཁེལ་བྱས་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།