ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གིས་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོ་སར་གྱི་སྔོན་ལ། ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གྱིས་འཚམས་འདྲིའི་ཚན་ཆུང་ཁྲིད་དེ་སོ་སོར་ཀན་སུའུ་དང་ཉིན་ཞ། ཟི་ཁྲོན། ཞིན་ཅང་བཅས་ཞིང་ལྗོངས་དང་གྲོང་ཁྱེར་ཉེར་དྲུག་ལ་སོང་སྟེ། རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་བྱས་པ་དང་། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་བརྩེ་བའི་འཚམས་འདྲི་བརྒྱུད་སྒྲོག་བྱས་པར་མ་ཟད། རོགས་སྐྱོར་མ་དངུལ་བྱིན་པ་དང་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

2007ལོའི་ཚུན་ལ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་སོགས་ལས་ཁུངས་དྲུག་གིས་མཉམ་འབྲེལ་སྒོས་བསྟུད་མར་ཐེངས་དྲུག་ལ་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་དཔྱད་བསྡུར་འདེམ་བསྐོ་དང་གཟེངས་བསྟོད་བྱེད་པའི་བྱ་འགུལ་སྤེལ་ཏེ། བསྡོམས་པས་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་སུམ་བརྒྱ་དང་སོ་གསུམ་བདམས། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གིས་སྔ་གཞུག་ཏུ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་བཏང་སྟེ། རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་བརྒྱ་དང་གོ་གཅིག་ལ་རོགས་སྐྱོར་བྱས། ས་གནས་སོ་སོས་ཀྱང་ས་ཁུལ་རང་གི་ཀུན་སྤྱོད་དཔེ་ལེགས་ཅན་སྣ་ཚོགས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བ་དང་། ནུས་ལྡན་བྱེད་ཐབས་སྤྱད་དེ་དོན་དངོས་ཀྱི་དཀའ་ཁག་ཐག་གཅོད་བྱས་པར་མ་ཟད། གཅེས་སེམས་འབུལ་བ་དང་རོགས་སྐྱོར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། མི་རྣམས་ཀྱིས་ཀུན་སྤྱོད་དཔེ་ལེགས་ཅན་ལ་སེམས་ཁུར་དང་གཅེས་སྐྱོང་། སློབ་སྦྱོང་བཅས་བྱེད་པར་ཁྲིད་སྟོན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།