ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་བརྒྱད་བཏང་སྟེ། མི་གྲངས་ཉུང་བའི་མི་རིགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་རྒྱལ་ཁབ་ཀྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་བརྒྱད་བཏང་སྟེ། ནང་སོག་སོགས་ཞིང་ལྗོངས་བཅུ་གསུམ་གྱི་མི་གྲངས་ཉུང་བའི་མི་རིགས་འདུས་སྡོད་སྲིད་འཛིན་སྡེ་བའི་རྨང་གཞིའི་སྒྲིག་ཆས་དང་གཞི་རྩའི་སྤྱི་ཐུན་ཞབས་ཞུ་སྒྲིག་ཆས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་། མི་རིགས་རིག་གནས་རྒྱུན་འཛིན་བཅས་ཕྱོགས་བཞིའི་ལས་གཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཞིང་ལྗོངས་བཅུ་གསུམ་པོ་དེ་དག་ནི་ནང་སོག་དང་ལེའོ་ཉིན། ཅི་ལིན། ཧེ་ལུང་ཅང་། ཧྥུའུ་ཅན། ཅང་ཞི། ཀོང་ཞི། ཀོས་ཀྲིག ཡུན་ནན། བོད་ལྗོངས། ཀན་སུའུ། མཚོ་སྔོན། ཞིན་ཅང་བཅས་རེད། མཚམས་སྦྱོར་བྱས་པ་ལྟར་ན། འབྲེལ་ཡོད་ལས་གཞི་ལེགས་གྲུབ་བྱུང་བ་དང་བཀོལ་སྤྱོད་བྱེད་པ་དང་བསྟུན་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་མི་རིགས་ས་ཁུལ་དང་མི་གྲངས་ཉུང་བའི་མི་རིགས་འཕེལ་རྒྱས་ཇུས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་ཐུབ་པར་མ་ཟད། མི་གྲངས་ཉུང་བའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྔར་ལས་མཐུན་སྦྱོར་ཡོང་བ་དང་། འཚོ་བ་སྔར་ལས་ཕྱུག་པོར་སྒྱུར་བ། ཁོར་ཡུག་སྔར་ལས་བཟང་བ། སྤྱི་ཚོགས་སྔར་ལས་འཆམ་མཐུན་ཡོང་བར་བྱས་ཏེ། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་ཐུབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།