ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་འགན་འཁུར་བློ་མཐུན་གྱིས་འཚམས་འདྲི་ཚན་ཁག་ཁྲིད་དེ་ཀན་སུའུ་དང་ཉིན་ཞ། སི་ཁྲོན། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལ་སོང་སྟེ་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་བྱས་པ་དང་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་སྙིང་ཉེ་བའི་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས་པར་མ་ཟད་རོགས་སྐྱོར་མ་དངུལ་བྱིན་པ་དང་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།

ཉིས་སྟོང་བདུན་ལོའི་ཚུན་ལ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་སོགས་ལས་ཁུངས་དྲུག་གིས་མཉམ་འབྲེལ་སྒོས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་དཔྱད་འདེམ་གཟེངས་བསྟོད་བྱ་འགུལ་སྐབས་དྲུག་ལ་སྤེལ་བ་དང་། བསྡོམས་པས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་སུམ་བརྒྱ་དང་སོ་གསུམ་བདམས། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་སྔ་གཞུག་ཏུ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་ལྷག་བཏང་སྟེ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་མི་ཐེངས་བརྒྱ་དང་གོ་གཅིག་ལ་རོགས་སྐྱོར་བྱས། ས་གནས་སོ་སོས་ཀྱང་ས་གནས་རང་གི་རིགས་སོ་སོའི་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བ་དང་། ནུས་ལྡན་བྱེད་ཐབས་སྤྱད་དེ་དོན་དངོས་ཀྱི་དཀའ་ཁག་ཐག་གཅོད་རོགས་བྱས་པར་མ་ཟད། གཅེས་སེམས་འབུལ་བ་དང་རོགས་སྐྱོར་བྱེད་ཐབས་དངོས་འབེབས་བྱས་པ་དང་། མི་དམངས་ཀྱིས་ཀུན་སྤྱོད་དཔེ་ལེགས་ཅན་ལ་སེམས་ཁུར་དང་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།