ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་བྱེད་པ་དང་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ca3cb06112e21ec181acb18b3665056e.jpg

ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་བྱེད་པ་དང་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་པེ་ཅིན་ནས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་གི་བློ་མཐུན་རྒན་པ་དང་དམག་དཔུང་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་བྱེད་པ་དང་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་པེ་ཅིན་ནས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་གི་བློ་མཐུན་རྒན་པ་དང་དམག་དཔུང་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས།

ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་། ཞི་ཅིན་ཕིང་བློ་མཐུན་རྒན་པ་རྣམས་ཀྱི་ཁྲོད་དུ་ཕེབས་མ་ཐག་ཏུ་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་གིས་ཚང་མར་བརྩེ་བའི་ཕྱག་འཇུ་གནང་ཞོར་དུ་ཁོ་ཚོའི་ལུས་ཕུང་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད་ཚང་མ་དང་ལྷན་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལས་དོན་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་ཟིན་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱིར་དྲན་བྱས། བློ་མཐུན་རྒན་པ་རྣམས་ཀྱིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པ་ལག་བསྟར་བྱེད་པ། འདུ་ཤེས་བཞི་བརྟན་པོར་འཛུགས་པ། རང་རྟོགས་སྒོས་སྲུང་སྐྱོབ་གསུམ་ལག་ལེན་མཐར་ཕྱིན་བྱེད་པར་མ་ཟད་ཡིད་ཆེས་བརྟན་པོ་བཅངས་ནས་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་གྱི་དུས་རབས་གསར་བ་བསུ་རྒྱུ་ཡིན་ཟེར།

ཐེངས་འདིའི་འཁྲབ་སྟོན་དེ་དུས་རབས་གསར་བར་མདུན་དུ་སྐྱོད་ཅེས་པའི་མཉམ་ལེན་གྱི་དབྱངས་རྟ་སྙན་མོའི་ཁྲོད་དུ་དངོས་སུ་འགོ་བརྩམས་པ་དང་སྒྲིག་ཁྲིམས་ཆེན་པོ་གསུམ་དང་མཉམ་འཇོག་བྱེད་པ་བརྒྱད་ཅེས་པའི་མཉམ་ལེན་ཁྲོད་དུ་མཇུག་རྫོགས་ཤིང་། དེ་ལས་མི་དམངས་དམག་དཔུང་གིས་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཇེ་ཆེར་གྱུར་བ་དང་བློ་ཐག་རྦད་ཆོད་སྒོས་ཏང་གི་བཀའ་ལ་ཉན་པའི་ཡིད་ཆེས་ཇེ་བརྟན་དུ་གྱུར་བ་མཚོན་པར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།