ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཁེར་གཉེར་ངལ་རྩོལ་པའི་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་བར་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཁེར་གཉེར་ངལ་རྩོལ་པའི་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་བ་ཚོགས་འགོ་བརྩམས་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་སྟེང་འཕྲིན་ཡིག་བསྐུར་ཏེ། ཏང་ཀྲུང་དབྱང་གི་ཚབ་མཛད་ནས་ཚོགས་ཆེན་སྟེང་ཞུགས་པའི་འཐུས་མི་ཡོངས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཁེར་གཉེར་ཁེ་ལས་ཀྱི་བདག་གཉེར་མཁན་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་གསུངས་རྒྱུར། དེང་སྐབས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསླེབས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། གནད་འཁེལ་དབུལ་སྐྱོར་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱིས་ཁེར་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རེ་བ་སྔར་ལས་ནན་མོ་བཏོན་པས། རྒྱ་ཆེའི་ཁེར་གཉེར་ཁེ་ལས་ཀྱི་བདག་གཉེར་མཁན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བྱེད་པད་ང་། ཁེ་ལས་པའི་ནུས་པ་འདོན་སྤེལ་བྱེད་པ། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ཆུ་ཚད་མཐོན་པོའི་འཕེལ་རྒྱས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་བཅས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་སྟེང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཁེར་གཉེར་ངལ་རྩོལ་པའི་ཁེ་ལས་མཐུན་ཚོགས་ཀྱིས་འབྲེལ་འདྲིས་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། སྲིད་ཇུས་དང་ཁྲིམས་སྲོལ་ཁྱབ་གདལ་བྱེད་མཁན་དང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་མཁན། ཏང་འཛུགས་སྐྲུན་གྱི་རྩ་འཛུགས་བྱེད་མཁན་བཅས་བྱས་ཏེ། ཁེར་གཉེར་ཁེ་ལས་ལ་འཕེལ་རྒྱས་ཀྱི་མཐུན་རྐྱེན་བསྐྲུན་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་ནས། བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ། རྒྱ་ཆེའི་ཁེར་གཉེར་ཁེ་ལས་ཀྱི་བདག་གཉེར་མཁན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་ལྟར། ཁེ་ལས་པའི་སྙིང་སྟོབས་དང་ལག་ཤེས་པའི་སྙིང་སྟོབས་ནུས་ཡོད་སྒོས་འདོན་སྤེལ་བྱེད་པ་དང་། དམངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་ལས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་སྒོས་ཞུགས་དགོས་པར་མ་ཟད། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པ་དང་། དངོས་ཕུང་དཔལ་འབྱོར་ཚུལ་བསྒྱུར་རིམ་སྤོར་བྱེད་པའི་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་སྟེང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།

ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཁེར་གཉེར་ངལ་རྩོལ་པའི་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་བ་པེ་ཅིན་ནས་ཚོགས། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གིས་ཚོགས་ཆེན་སྟེང་ཞི་ཅིན་ཕིང་གི་འཕྲིན་ཡིག་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་སྒྲོག་འདོན་བྱས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ཡིག་གི་རེ་བར་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ནས། ཁེར་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱི་རྣམ་པ་སྒྱུར་བ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། འཕེལ་རྒྱས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ཁེར་གཉེར་དཔལ་འབྱོར་གྱི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།