ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་རྒྱལ་དུ་སྒྲོག་འགྲེལ་མཚམས་སྦྱོར་བྱེད་པའི་ཚོགས་པས་ཐུར་ཁེ་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་དྲང་བདེན་འཕེལ་རྒྱས་ཏང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན། ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཧུའུ་ཁྲང་ཧྲིན་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་རྒྱལ་དུ་སྒྲོག་འགྲེལ་མཚམས་སྦྱོར་བྱེད་པའི་ཚོགས་པ་ཁྲིད་དེ2017ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ནས་ཚེས་སུམ་ཅུ་ཉིན་བར་ཐུར་ཁེ་ལ་འཚམས་འདྲི་བྱས།

ཧུའུ་ཁྲང་ཧྲིན་གྱིས་ཐུར་ཁེའི་གྲོས་དཔོན་གཞོན་པ་ཨེ་ཏིན་དང་དྲང་བདེན་འཕེལ་རྒྱས་ཏང་གི་ཀྲུའུ་ཞི་གཞོན་པ་ཁ་ཝ་ཁི་ཁྲེ། སྤྱི་མཐུན་མི་དམངས་ཏང་གི་ཀྲུའུ་ཞི་ཁི་ལི་ཆི་ཏ་ཨར་ཨོ་ལུའུ། རྒྱལ་གཅེས་ཏང་གི་ཀྲུའུ་ཞི་ཕེས་ལིན་ཆེ་ཁི་བཅས་ལ་སོ་སོར་ཐུག་འཕྲད་བྱས་པར་མ་ཟད། ཆེད་དོན་སྒྲོག་འགྲེལ་མཚམས་སྦྱོར་ཚོགས་འདུ་བསྡུས་ནས། ཐུར་ཁེའི་སྲིད་ཏང་དང་སྲིད་ཏང་གི་འགོ་གཙོ། ལས་རིགས་སོ་སོའི་འཐུས་མི་བཅས་ལ་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་སྒྲོག་འགྲེལ་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གྲོས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཙོ་བོར་བཟུང་སྟེ་སྒྲོག་འགྲེལ་བྱས།

ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དོན་སྙིང་གལ་ཆེན་ལ་གདེང་འཇོག་གང་ལེགས་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་ལ་གཟེངས་བསྟོད་ཆེན་པོ་བྱས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་བར་གྱི་བརྗེ་རེས་སྔར་ལས་ཇེ་དམ་དུ་གཏོང་བ་དང་། ཕན་ཚུན་དཔྱད་གཞིར་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།