ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གནས་ཚུལ་སྐོར་གྱི་ཡར་ཞུ་དང་རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ས་རྒྱུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གནས་ཚུལ་སྐོར་གྱི་ཡར་ཞུ་སོགས་ལ་རིམ་པ་བཞིན་ཉན།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཞིབ་བྱེད་པར་སྤྲོད་པའི་དམིགས་འགུག་དམིགས་འཇོག་བཅའ་ཁྲིམས་དང་ཚད་འཇལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞིའི་གསལ་བཤད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གྲོས་ཞིབ་བྱེད་པར་སྤྲོད་པའི་མི་དམངས་འདྲི་གཅོད་ལས་རོགས་པའི་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གྲོས་གཞི་དང་གྲོས་ཞིབ་བྱེད་པར་སྤྲོད་པའི་ཁྲིམས་དཔོན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞིའི་གསལ་བཤད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གྲོས་ཞིབ་བྱེད་པར་སྤྲོད་པའི་ཞིབ་དཔྱོད་དཔོན་པོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞིའི་གསལ་བཤད་སོགས་ལ་ཉན།

ཚོགས་ཐོག་ནས་ད་དུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་དང་ཆོག་མཆན་འགོད་པར་སྤྲོད་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་འདེམ་མི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས་ཤིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་བསྐོ་འཐེན་སྐོར་གྱི་གྲོས་གཞི་ལ་གྲོས་གཞི་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།