ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་བ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 

1514001205580219.jpg

ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་བ་པེ་ཅིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་བ་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཐའེ་ཝན་བྱ་བའི་སྐོར་གྱི་མཛུབ་སྟོན་བསམ་བློ་དང་འདུ་ཤེས་གལ་ཆེན། དམིགས་འབེན་དང་ལས་འགན། རྩ་དོན་བྱེད་ཕྱོགས། བྱེད་ཐབས་གཙོ་བོ་བཅས་གཏན་འཁེལ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མེས་རྒྱལ་གཅིག་གྱུར་གྱི་ལས་དོན་ཆེན་པོར་སྐུལ་འདེད་གཏོང་བའི་འདུ་ཤེས་གསར་བ་དང་འདོད་བློ་གསར་བ། རེ་བ་གསར་བ་བཅས་གཅིག་སྡུད་སྒོས་མངོན་མཚོན་བྱས་པས། དུས་རབས་གསར་བར་ཐའེ་ཝན་ཕྱོགས་ཀྱི་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན།

ཝང་དབྱང་གིས་གསུངས་རྒྱུར། རིམ་པ་སོ་སོའི་ཐའེ་ཝན་སྤུན་ཟླའི་མཛའ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་རབས་གསར་བའི་ལོ་རྒྱུས་ཀྱི་བགྲོད་ལམ་སྟེང་ཧུར་ཐག་སྒོས་བྱ་བ་སྒྲུབ་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཡང་དག་པའི་ཁ་ཕྱོགས་དམ་པོར་འཛིན་དགོས། ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་དམངས་ཁྲོད་བར་གྱི་བརྗེ་རེས་དང་འགྲོ་འོང་ཇེ་དམ་དུ་གཏོང་དགོས། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཐའེ་ཝན་གྱི་དམངས་སེམས་བརྩོན་ལེན་བྱེད་པའི་མཆོག་གྱུར་ལས་འགན་དངོས་སུ་ཕྲག་ཏུ་ཁུར་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐའེ་ཝན་སྤུན་ཟླའི་མཛའ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་འགོ་ཁྲིད་དང་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།