ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཀམ་པི་ཡ་རྒྱལ་ཁབ་ཀྱི་སྲིད་འཛིན་དང་གྲོས་མོལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2017-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1122148847_15138619494471n.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ12པའི་ཚེས21ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཀམ་པི་ཡ་རྒྱལ་ཁབ་ཀྱི་སྲིད་འཛིན་པཱ་ལུའོ་དང་གྲོས་མོལ་བྱས། གྲོས་མོལ་མ་བྱས་སྔོན་ལ་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་བྱང་ཕྱོགས་ཚོམས་ཁང་དུ་པཱ་ལུའོ་ལ་བསུ་བ་བྱེད་པའི་མཛད་སྒོ་བསྡུས།  ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞེ་ཧོན་ཁྲིན་གྱིས་པར་བླངས།

1122148847_15138627612161n.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ12པའི་ཚེས21ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཀམ་པི་ཡ་རྒྱལ་ཁབ་ཀྱི་སྲིད་འཛིན་པཱ་ལུའོ་དང་གྲོས་མོལ་བྱས། གྲོས་མོལ་མ་བྱས་སྔོན་ལ་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་བྱང་ཕྱོགས་ཚོམས་ཁང་དུ་པཱ་ལུའོ་ལ་བསུ་བ་བྱེད་པའི་མཛད་སྒོ་བསྡུས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཏའོ་ཡིས་པར་བླངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ12པའི་ཚེས21ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཀམ་པི་ཡ་རྒྱལ་ཁབ་ཀྱི་སྲིད་འཛིན་པཱ་ལུའོ་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་གོ་དང་ཀམ་པི་ཡ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཐད་འཐབ་ཇུས་བཟང་བོ་བཀོད་པར་མོས་མཐུན་བྱུང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་གཏིང་ཟབ་དང་རྒྱུན་མཐུད་ངང་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་། 

ཞི་ཅིན་ཕེན་གྱིས་བསྟན་དོན། ན་ནིང་གི་ཟླ3པར་ཀྲུང་གོ་དང་ཀམ་པི་ཡ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱུང་བ་དེས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ཐད་ཡོལ་བ་གསར་བ་ཞིག་ཕྱེས་པ་རེད། དོན་དངོས་ལས་བདེན་དཔང་བྱས་དོན།  ཀམ་པི་ཡ་རྒྱལ་ཁབ་ཀྱིས་ཀྲུང་གོ་ལ་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཐག་བཅད་པ་ནི་དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་ཞིང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམས་པ་མ་ཟད། ཡང་དག་པའི་འདེམས་ཀ་ཞིག་ཀྱང་རེད། ཉེ་བའི་ལོ་གཅིག་གི་རིང་། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་ཁྱོན་ཡོངས་ནས་མཉམ་ལས་ལ་སྐུལ་འདེད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་་མི་དམངས་ལ་མཉམ་ལས་གྲུབ་འབྲས་ལོངས་སུ་སྤྱོད་དུ་བཅུག་ཡོད་ཞེས་གསུང་། །  (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།