ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་དྲིལ་སྒྲོག་མཚམས་སྦྱོར་ཚོགས་པས་ནེའུ་ཙི་ལན་དང་ཧྥི་ཅི། སིང་ག་ཕོར་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་ཕྱོགས་ཀྱིས་གདན་དྲངས་པ་ལྟར། ཉེ་ལམ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་དྲིལ་སྒྲོག་མཚམས་སྦྱོར་ཚོགས་པས་སྔ་གཞུག་ཏུ་ནེའུ་ཙི་ལན་དང་ཧྥི་ཅི། སིང་ག་ཕོར་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས་པར་མ་ཟད། རྒྱལ་ཁབ་གསུམ་གྱི་སྲིད་ཏང་ལས་རིགས་ཀྱི་མི་སྣ་དང་འབྲེལ་ཡོད་དམངས་ཁྲོད་རྩ་འཛུགས་དང་བློ་མཛོད། སྨྱན་བྱད་བཅས་ཀྱི་འཐུས་མི་དང་བཞུགས་མོལ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་དོན་སྙིང་གལ་ཆེན་མཚམས་སྦྱོར་བྱས།

རྒྱལ་ཁབ་གསུམ་གྱི་ལས་རིགས་སོ་སོའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་མཉམ་སྐྲུན་བྱེད་པའི་འདུ་ཤེས་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་སུ་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་གོ་སྐབས་གསར་བ་དང་འཕྲད་ཡོད་ཅེས་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།