ཀྲུང་གོ་བོད་ཀྱི་དྲ་བ།

ཤིན་ཅང་གིས་མི་རིགས་མཐུན་སྒྲིལ་གྱི“ཆ་སྒྲིག་གཉེན་འཚོལ་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུད་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱེད་པ་དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་ཆེད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཟླ12པར་ཤིན་ཅང་དུ་མི་རིགས་མཐུན་སྒྲིལ་གྱི“ཆ་སྒྲིག་གཉེན་འཚོལ་གཟའ་འཁོར”གྱི་བྱེད་སྒོ་གཅིག་སྡུད་ངང་སྤེལ་རྒྱུ་ཡིན་ལ། ཟླ12ཚེས11ནས་འགོ་ཚུགས་ཏེ་ཟླ12པའི་ཟླ་མཇུག་བར་ཤིན་ཅང་གི་རིམ་པ་ཁག་དང་། ས་ཁུལ་ཁག  སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་ལས་བྱེད་ལས་བཟོར་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁག་ཐེངས་དབྱེ་ནས་གཞི་རིམ་གྲོང་ཚོ་དང་སྡེ་ཁུལ་དུ་རང་རང་གི་རྡོག་ཁྲེས་འཁྱེར་ནས་སྐྱོད་དེ་དུས་ཡུན་གཟའ་འཁོར་གཅིག་རིང་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་དང་མཉམ་དུ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་ཏེ།  མི་རིགས་ཁག་གི་ལས་བྱེད་མང་ཚོགས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་གཏན་འབེབས་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།