ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་ཀྲུང་གོའི་ཞིང་ལས་སློབ་ཚོགས་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་ཕྱིར་དྲན་བྱེད་པའི་བྱ་འགུལ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་ཞིང་ལས་སློབ་ཚོགས་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་ཕྱིར་དྲན་བྱེད་པའི་བྱ་འགུལ་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་ཕྱིར་དྲན་བྱ་འགུལ་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་ལག་བསྟར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་གི་རེ་བ་ལྟར། ཞིང་ལས་སློབ་ཚོགས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ལས་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ། གསར་སྐྲུན་འཁོར་སྐྱོད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིང་བ་དང་སྤྱི་བའི་ཚན་རྩལ་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བར་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་དང་སྲིད་གཞུང་གི་ཚན་རིག་ཇུས་ཆོད་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤུས་ཚད་འཕོ་འགྱུར་དང་ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་བྱས་རྗེས་འཇོག་དགོས་ཟེར།  

ཀྲུང་གོའི་ཞིང་ལས་སློབ་ཚོགས་ནི་གཅིག་སྟོང་དགུ་བརྒྱ་བཅུ་བདུན་ལོར་བཙུགས་པ་དང་རང་རྒྱལ་དུ་བཙུགས་པ་ཆེས་སྔ་བའི་རིག་གཞུང་ཚོགས་པ་གཙོ་བོའི་ནང་གི་གཅིག་རེད། རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ། འབྲེལ་ཡོད་སློབ་ཚོགས་ཀྱི་འཐུས་མི། ཡོན་ཧྲི་ཁ་ཤས་དང་ཞིང་ལས་ཆེད་མཁས་པ། ཀྲུང་གོའི་ཞིང་ལས་སློབ་ཚོགས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི། ཐེ་ཝན་ཀྲུང་ཧྭ་ཞིང་ལས་སློབ་ཚོགས་ཀྱི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།