ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བ་སྤེལ་བའི་སྐོར་གྱི་བརྡ་ཐོ»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་གིས་ཆོག་མཆན་བཀོད་པ་ལྟར། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བ་སྤེལ་བའི་སྐོར་གྱི་བརྡ་ཐོ»དཔར་ནས་བཀྲམ། རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2018ལོར་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བ་སྤེལ་རྒྱུའི་ཐག་བཅད།

«བརྡ་ཐོའི»ནང་བཀོད་དོན། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བ་སྤེལ་ཡུལ་ནི་རང་རྒྱལ་མངའ་ཁོངས་སུ་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གཉེར་བའི་ཁྲིམས་མིའི་ལས་ཁུངས་ཡོངས་དང་ཐོན་ལས་བྱ་འགུལ་ལས་ཁུངས། ཁེར་གཉེར་པ་བཅས་ཡིན། ཁྱབ་བཤེར་བྱེད་པའི་ནང་དོན་གཙོ་བོ་ལ་ཁྱབ་བཤེར་བྱེད་ཡུལ་གྱི་གཞི་རྩའི་གནས་ཚུལ་དང་རྩ་འཛུགས་གྲུབ་ཚུལ། མི་སྣའི་ཟླ་ཕོགས། ཐོན་སྐྱེད་ནུས་པ། ནོར་སྲིད་གནས་ཚུལ། ཐོན་སྐྱེད་བདག་གཉེར་དང་ཞབས་ཞུའི་བྱ་འགུལ། ནུས་ཁུངས་འཛད་སྤྱོད། ཆ་འཕྲིན་ཅན་འཛུགས་སྐྲུན། གློག་རྡུལ་ཚོང་དོན་གྱི་གནས་ཚུལ་སོགས་འདུས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།