ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

f566eab98ac6c9852dcfbef374dc8476.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཀི་དབྱི་ཁི་ཝེ་ཆི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཀི་དབྱི་ཁི་ཝེ་ཆི་དང་གྲོས་མོལ་མཛད།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་སེར་ཝེ་ཡ་གཉིས་ནི་གྲོགས་པོ་བཟང་བོ་ཡིན། 2016ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་མཛད་དེ། སེར་ཝེ་ཡ་ཡོ་རོབ་གླིང་དབུས་ཤར་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཐོག་མར་གྱུར་ཡོད། ད་ལོར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་ཀྲུང་གོ་དང་སེར་ཝེ་ཡ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡའི་བར་གྱི་སྲོལ་རྒྱུན་མཛའ་བཤེས་དེ་ཐུན་མོང་གི་འཕེལ་རྒྱས་སྟོབས་ཤུགས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བཟང་བོ་བྱེད་པ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་སེར་ཝེ་ཡ་གཉིས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་སོགས་ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀི་དབྱི་ཁི་ཝེ་ཆི་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་དངོས་སུ་སྐུལ་འདེད་བཏང་འོག སེར་ཝེ་ཡ་དང་ཀྲུང་གོའི་བར་གྱི་མཛའ་བཤེས་བཟང་བོ་འཕེལ་རྒྱས་གསར་བ་བྱུང་ཡོད། སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གིས་ཐེངས་འདིར་མཉམ་ལས་གྲོས་མཐུན་བཀོད་པ་དང་བསྟུན་ནས། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་འགྲོ་འོང་དང་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། སེར་ཝེ་ཡ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དུས་སྐབས་གསར་བར་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཀྲང་ཏི་ཅང་དང་ཀི་དབྱི་ཁི་ཝེ་ཆི་གཉིས་ད་རུང་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་མཉམ་ལས་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་གྲོས་ཆོད་ཡི་གེ་འགོད་པའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།