ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་མཛའ་མཐུན་འཐུས་ཚབ་ཚོགས་པས་ན་སྨིས་པི་ཡར་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ན་སྨིས་པི་ཡའི་མི་དམངས་རྩ་འཛུགས་ཏང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཞུའུ་ལུའུ་ཕིང་གིས་ཁྲིད་པའི་ཀྲུང་གོ་གུང་ཁྲན་ཏང་གི་མཛའ་མཐུན་འཐུས་ཚབ་ཚོགས་པས་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ན་སྨིས་པི་ཡར་འཚམས་འདྲི་བྱས།

འཚམས་འདྲི་བྱེད་སྐབས། ཞུའུ་ལུའུ་ཕིང་ན་སྨིས་པི་ཡའི་མི་དམངས་རྩ་འཛུགས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་རྩ་འཛུགས་ཏང་ཀྲུང་དབྱང་ལ་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ཁྱབ་སྒྲོག་བྱས་པར་མ་ཟད། ན་སྨིས་པི་ཡའི་ཙུང་ཐུང་ཀུན་ཀི་པུའུ་དང་རྒྱལ་ཁབ་གསར་གཏོད་ཀྱི་ཙུང་ཐུང་ནུའུ་ཆའོ་མ། སྔོན་ཆད་ཀྱི་ཙུང་ཐུང་པོ་ཧན་པ། མི་དམངས་རྩ་འཛུགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་མུའུ་པིན་པ་བཅས་ལ་ཐུག་འཕྲད་བྱས། ཞུའུ་ལུའུ་ཕིང་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་གང་ལེགས་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཡོངས་ཁྱབ་ཏུ་དྲིལ་སྒྲོག་བྱས། ན་སྨིས་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་སྔར་ལས་རྒྱ་ཆེ་བའི་མདུན་ལྗོངས་གསར་གཏོད་བྱེད་ཐུབ་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།