ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་གཉིས་པ་དཔེ་སྐྲུན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

41d3fcf10809ceb87d8da4f4f3603ebf.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་གཉིས་པ་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་གཉིས་པ་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། ང་ཚོས་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པ་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་ལེན་པའི་ཀློག་དེབ་ཆེས་བཟང་བོ་ཞིག་ཏུ་བརྩིས་ནས། དེར་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་པར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཧུའུ་ཉིང་གིས་གསུངས་རྒྱུར། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་གཉིས་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་བའི་རླབས་ཆེན་ལག་ལེན་བཀོད་ཡོད་པར་མ་ཟད། དེ་ལས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཐད་ལ་ཕུལ་བའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་གང་ལེགས་སྒོས་མཚོན་པར་བྱས་ཡོད་པས། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དཔེ་དེབ་ལ་སློབ་སྦྱོང་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱས་ནས། གཞུང་ལུགས་སློབ་སྦྱོང་དང་དྲིལ་སྒྲོག་ཁྱབ་གདལ། ཞིབ་འཇུག་སྒྲོག་འགྲེལ། ཕྱི་ཕྱོགས་དྲིལ་སྒྲོག་བཅས་བྱེད་པར་ཤུགས་བསྣན་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མིའི་སེམས་སུ་འགོད་པར་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་བློ་གལ་ཆེན་དེའི་ངོས་འཛིན་དང་ཤེས་རྟོགས་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།

      ཧོང་ཁུང་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།