ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅི་པོའུ་ཐིའི་ཙུང་ཐུང་ཀེ་ལེ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平同吉布提总统盖莱举行会谈 1.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་པོའུ་ཐིའི་ཙུང་ཐུང་ཀེ་ལེ་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་པེ་ཅེན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་ཙུང་ཐུང་ཀེ་ལེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་ཚུལ་རེད། 
 

习近平同吉布提总统盖莱举行会谈 2.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་པོའུ་ཐིའི་ཙུང་ཐུང་ཀེ་ལེ་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་པེ་ཅེན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་ཙུང་ཐུང་ཀེ་ལེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་པོའུ་ཐི་རྒྱལ་ཁབ་ཀྱི་ཙུང་ཐུང་ཀེ་ལེ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་བར་ཀྲུང་གོ་དང་ཅི་པོའུ་ཐི་གཉིས་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་གཅིག་གྱུར་སྒོས་འཐད་པ་བྱུང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཙུང་ཐུང་ཀེ་ལེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་རྗེས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་འགོ་གཙོ་ཐོག་མ་ཡིན། དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཧ་ཅང་བཟང་བོ་ཡིན་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་བརྒྱད་འགོར་བའི་རིང་ལ། དུས་དང་རྣམ་པ་ཀུན་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བར་བརྩི་འཇོག་བྱེད་པ། ཕན་ཚུན་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་མྱུར་དུ་ལག་བསྟར་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཅི་པོའུ་ཐི་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དམ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་་གྲུབ་འབྲས་གཡུར་ཟ་བ་བླངས་ཏེ། ང་ཚོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཆུ་ཚད་བཟང་བོ་གང་ལེགས་སྒོས་མཚོན་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས་བཅས་ཁྱབ་ཁོངས་སོ་སོའི་འགྲོ་འོང་དང་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་སྐྱོང་སྲིད་འཛིན་དང་ཉམས་མྱོང་བརྗེ་རེས་ཐད་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་བར་རྒྱབ་སྐྱོར་བྱེད་དགོས། ང་ཚོས་ཅི་པོའུ་ཐི་ཕྱོགས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པར་ཧ་ཅང་དགའ་བསུ་ཞུ་པ་ཡིན་ལ། ཅི་པོའུ་ཐི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ལྕགས་ལམ་དང་གྲུ་ཁ། ཆུ་འདོན་སྤྲོད། རང་བྱུང་སོལ་རླངས་སོགས་རྨང་གཞིའི་སྒྲིག་ཆས་ལས་གཞི་དང་རང་དབང་ཉོ་ཚོང་ས་ཁུལ་འཛུགས་སྐྲུན། ཞིང་ལས་མཉམ་ལས་བཅས་ཐད་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་བོ་ལེན་པར་བྱེད་དགོས་ཟེར།

ཀེ་ལེ་ཡིས་བཤད་རྒྱུར། ཅི་པོའུ་ཐི་ནི་ཀྲུང་གོའི་གྲོགས་པོ་བཟང་བོ་ཡིན་ལ། ལོ་མང་པོའི་རིང་ལ་ཀྲུང་གོས་ཐི་པོའུ་ཐི་ལ་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན། ཅི་པོའུ་ཐི་ཕྱོགས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞིའི་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། ཀྲུང་གོ་དང་རྨང་གཞི་སྒྲིག་ཆས་དང་དམངས་ཚིས་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པར་མ་ཟད། ཅི་པོའུ་ཐི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཀྲུང་གོའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོ་ཕྱོགས་དང་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་གཙིགས་འཛིན་བྱེད་འདོད་ཡོད་ཟེར།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་དཔལ་འབྱོར་ལག་རྩལ་མཉམ་ལས་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་བར་གྱི་མཉམ་ལས་ཡིག་ཆ་འགོད་པར་བདེན་དཔང་བྱས།

གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ཀེ་ལེ་ལ་དགའ་བསུ་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།