ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་སེ་ཕུའུ་ལུའུ་སིའི་གྲོས་དཔོན་ཞི་ལུའུ་ལི་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江会见塞浦路斯议长西卢里斯1.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེ་ཕུའུ་ལུའུ་སིའི་གྲོས་དཔོན་ཞི་ལུའུ་ལི་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་་སེ་ཕུའུ་ལུའུ་སིའི་གྲོས་དཔོན་ཞི་ལུའུ་ལི་སི་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་སེ་ཕུའུ་ལུའུ་སི་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་ལྷག་བསམ་རྣམ་དག་གི་ལྟ་སྟངས་བཟུང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཕེལ་རྒྱས་བཟང་བོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ཕུའུ་ལུའུ་སི་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨ་ན་སི་ཐ་ཞི་ཡ་ཏི་སི་བར་2015ལོར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ཧུར་ཐག་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཆབ་སྲིད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་སེ་ཕུའུ་ལུའུ་སིའི་གྲོས་ཁང་དང་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་སེ་ཕུའུ་ལུའུ་སི་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཟེར། 
ཀྲང་ཏི་ཅང་གིས་མགྲོན་པོར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གནས་ཚུལ་མཚམས་སྦྱོར་མཛད།

ཞི་ལུའུ་ལི་སི་ཡིས་བཤད་རྒྱུར། སེ་ཕུའུ་ལུའུ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་གྱི་ཁྱད་སྟོབས་དེ་དངོས་གཉེར་མཉམ་ལས་ཀྱི་སྟོབས་ཤུགས་ཤིག་ཏུ་སྒྱུར་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།