ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ནི་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཁྲིམས་ལྟར་ཤེས་བྱའི་ཐོན་དངོས་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ཡར་ཞུ་ལ་ཉན་ཏེ། སྔར་ལས་གོ་ཆོད་པའི་ལམ་ལུགས་ཀྱིས་ཚོང་ར་སྣ་ཚོགས་ཀྱི་ལུགས་མཐུན་ཚོང་གཉེར་ཁོར་ཡུག་སྐྲུན་པར་སྐུལ་འདེད་གཏོང་དགོས་པ་བསྟན་པར་མ་ཟད། ཁེ་ལས་ལ་འབྲེལ་ཡོད་པའི་ཚོང་གཉེར་ཞབས་ཞུའི་རང་བཞིན་གྱི་དངུལ་བསྡུ་ལས་གཞི་སྔར་ལས་གཙང་བཤེར་བྱས་ཏེ། ཁེ་ལས་ཀྱི་ཁུར་བོ་མུ་མཐུད་དུ་ཇེ་ཡང་དུ་གཏོང་དགོས་པའི་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཤེས་བྱའི་ཐོན་དངོས་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་ཤེས་བྱའི་ཐོན་དངོས་བདག་དབང་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱེད་པ་ནི་དེང་རབས་ཅན་གྱི་དཔལ་འབྱོར་སྒྲིག་གཞི་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བའི་ནང་དོན་གལ་ཆེན་ཡིན། དེ་ཚོང་ར་གཙོ་ཡིན་པའི་ཕྱོགས་ཀྱི་ལས་སྐྲུན་གསར་གཏོད་ཀྱི་སྟོབས་ཤུགས་དང་དངུལ་གཏོང་རེ་འདུན་ཇེ་ཆེར་གཏོང་བར་ཕན་པ་ཡོད་པས། སྒུལ་ཤུགས་གསར་བ་མུ་མཐུད་དུ་སྐྱེད་སྲིད་བྱེད་པ་དང་། སྒོ་འབྱེད་རྒྱ་བསྐྱེད་པར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། དབང་གཏོང་དང་དོ་དམ་ཞབས་ཞུའི་བྱ་བ་བཟང་བོར་བསྒྲུབ་སྟེ། ཁེ་ལས་ལ་འབྲེལ་ཡོད་པའི་བདག་གཉེར་ཞབས་ཞུའི་རང་བཞིན་གྱི་དངུལ་བསྡུ་ལས་གཞི་མུ་མཐུད་དུ་ཞིབ་བཤེར་བྱེད་པ་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཉོ་ཚོང་མ་རྩ་ཇེ་དམར་གཏོང་བ། ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བ་བཅས་ཐད་ཀྱི་བྱེད་ཐབས་གལ་ཆེན་ཡིན། ད་ལོར་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞིབ་བཤེར་བྱེད་ཐབས་གཏན་འཁེལ་བྱས་ནས་ཁེ་ལས་ཀྱི་ཁུར་བོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བདུན་ཐེར་འབུམ་ལྔ་ཇེ་དམར་བཏང་བའི་རྨང་གཞིའི་སྟེང་ཕྱིན་ཆད་མུ་མཐུད་དུ་ལྟ་སྐུལ་ཞིབ་བཤེར་བྱ་བར་གཙིགས་འཛིན་བྱས་ནས། ཚུལ་དང་མི་མཐུན་པའི་དངུལ་བསྡུ་ལས་གཞི་གཙང་བཤེར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།