ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་ངེས་པར་དུ་སྦྱོང་དགོས་པའི\"ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཚན\"བཀོད་སྒྲིག་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར།  སློབ་གསོ་པུས《སློབ་གྲྭ་འབྲིང་ཆུང་གི་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཚན་གྱི་མཛུབ་ཁྲིད་རྩ་གནད》(གཤམ་དུ“རྩ་གནད”ཅེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཕྱོགས་བསྡུས་ལག་ལེན་བྱེད་སྒོ་ནི་འོས་འགན་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཚན་ཇུས་གཞིས་གཏན་འབེབས་བྱས་པའི་སྦྱོང་དགོས་ངེས་ཀྱི་སློབ་ཚན་ཞིག་ཡིན་པ་དང་དེ་ཉིད་སློབ་ཚན་གཞན་དང་མཉམ་དུ་བཀོད་སྒྲིག་བྱས་ནས་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་རིམ་ཁག་ཚང་མར་ཕྱོགས་ཡོངས་ནས་ལག་བསྟར་གྱིས་སློབ་མ་ཚང་མས་སློབ་སྦྱོང་བྱེད་དགོས་པ་དང་ཚང་མ་ཞུགས་དགོས་ཞེས་བཏོན་ཡོད་པ་རེད།

སློབ་གསོ་པུའི་སློབ་གཞི་ཅུས་ཀྱི་འགན་འཁུར་བས་མིག་སྔར་རང་རྒྱལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རིག་གནས་རྨང་གཞིའི་ཤེས་བྱ་ཅུང་བརྟན་ཙམ་ཡོད་མོད། འོན་ཀྱང་གསར་གཏོད་ལག་ལེན་གྱི་ནུས་པ་བལྟོས་བཅས་ཀྱིས་ཞན་ཙམ་ཡོད། ད་ཡོད་ཀྱི་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཚན་གྱི་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་མུན་འཐོམས་རང་བཞིན་དང་སྟབས་བསྟུན་རང་བཞིན་ཆེ་ཙམ་ལྡན་ཡོད་པས་ངེས་པར་དུ་ཚད་ལྡན་དུ་གཏོང་བ་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་བྱང་ཚད་སློབ་གསོར་སྐུལ་འདེད་གཏོང་རྒྱུའི་བླང་བྱར་གཞིགས་ནས་ངེས་པར་དུ་སློབ་གྲྭ་འབྲིང་ཆུང་གི་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཚན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལག་ལེན་གྱི་ཐོག་ནས་མི་གསོ་སྐྱོང་བྱེད་པའི་ཞན་ཆ་གསབ་དགོས་ཞེས་བཤད།

《རྩ་གནད》གཞིར་བཟུང་། ཕྱོགས་བསྡུས་ལག་ལེན་བྱེད་སྒོ་ནི་སློབ་མའི་དངོས་ཡོད་འཚོ་བ་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པ་དང་། འཚོ་བའི་ཁྲོད་ནས་གནད་དོན་ཤེས་རྟོགས། བྱེད་སྒོའི་བརྗོད་དོན་གཙོ་བོར་སྒྱུར་བ། འཚོལ་ཞིབ་དང་། ཞབས་ཞུ། སྒྲིག་བཟོ། ཉམས་ལེན་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་མའི་ཕྱོགས་བསྡུས་བྱང་ཚད་གསོ་སྦྱོང་བྱེད་པའི་རིག་ཚན་སྒྲོལ་བའི་ལག་ལེན་རང་བཞིན་གྱི་སློབ་ཚན་ཞིག་རེད། སློབ་གསོ་པུའི་སློབ་གཞི་ཅུས་ཀྱི་འགན་འཁུར་བས་ཕྱོགས་བསྡུས་ལག་ལེན་བྱེད་སྒོ་དེ་རིག་ཚན་གྱི་ཤེས་བྱ་མང་པོ་དང་འབྲེལ་བ་ཡོད། སློབ་མའི་དངོས་ཡོད་འཚོ་བ་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་སློབ་ཚན་ཁྲིད་སྐབས་སློབ་གཞིའི་ནང་དོན་གཞི་རྟེན་གཙོ་བོར་མི་བྱེད་པ་དང་ལྟོས་བཅས་གཏན་འཁེལ་གྱི་ནང་དོན་མ་ལག་ལ་མ་གཞིགས་པར་སློབ་ཁྲིད་བྱེད་དགོས་པའི་ནན་བཤད་བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཚན་དེ་རིན་ཐང་ཉམས་ལེན་དང་། འགན་འཁྲི་འཁུར་ཕོད་པ། གནད་དོན་ཐག་གཅོད། བསམ་བཀོད་དངོས་གྱུར་བཅས་ཕྱོགས་བཞིར་ཕྱེ་ཡོད་པ་དང་། དེའི་རིན་ཐང་ཉམས་ལེན་དང་ལག་ལེན་འབུར་དུ་ཐོན་ཡོད་པ་དང་འབྲེལ་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་གསུམ་དུ་ཕྱེ་ནས་སློབ་མཚམས་ཀྱི་དམིགས་ཡུལ་སོ་སོར་བཏོན་ཡོད་པ་རེད། 《རྩ་གནད་》ནང་ད་དུང་རྟོག་ཞིབ་དཔྱད་ཞིབ་དང་། སྤྱི་ཚོགས་ཞབས་ཞུ། འཆར་འགོད་བཟོ་བ། ལས་རིགས་ཉམས་ལེན་སོགས་ཀྱི་བྱ་ཐབས་གཙོ་བོ་བཏོན་ཡོད་པ་དང་སློབ་ཚན་གྱི་ཇུས་འགོད་ནང་གཏན་ལ་འཁེལ་བའི་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་ནང་དོན(སྡེ་ཁུལ་ཞབས་ཞུ་དང་། སྤྱི་ཚོགས་ལག་ལེན། ཆ་འཕྲིན་ལག་རྩལ་སློབ་གསོ། ངལ་རྩོལ་ལག་རྩལ་སློབ་གསོ་སོགས)བྱེད་སྒོའི་བྱེད་ཐབས་ཀྱི་ཐོག་ནས་རིགས་ཕྱེ་ཡོད་པ་དང་ཏང་དང་སྡེ་ཚོགས་ཀྱི་བྱེད་སྒོའི་བླང་བྱ་གཏན་འཁེལ་བྱས་ཡོད་པ་མ་ཟད། བྱེད་སྒོའི་བྱེད་ཐབས་ཁག་གི་ནང་དོན་དང་རྒྱུ་རྐྱེན་གསེད་བཀྲོལ་དང་ཚད་ལྡན་དུ་བཏང་ནས་རིགས་ཁག་གི་བརྗོད་དོན་གཙོ་བོ་ཇུས་འགོད་དང་ལག་ལེན་ལ་རྩ་བའི་རིགས་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་མཁོ་འདོན་ཡང་བྱས་ཡོད་པ་རེད། 《རྩ་གནད》ནང་རིག་ཚན་ལག་ལེན་ལྷུ་ཚིགས་སྤྱད་ནས་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་ཚབ་བྱ་རྒྱུ་སྔོན་འགོག་བྱས་ནས་དགེ་རྒན་དང་སློབ་མའི་ཕྱོགས་བསྡུས་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་དང་། ཞུགས་མཁན། སྐུལ་འདེད་གཏོང་མཁན་བཅས་སུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།