ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་པི་ཨར་ཀའེ་ཚི་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2017-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121906394_15098052501921n.jpg

ཟླ11པའི་ཚེས3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་གུ་ནས་ཨ་མེ་རི་ཁ་ཐེ་ལཱ་ནུས་ཁུངས་ཀུང་ཟིའི་ཏུང་ཧྲི་ཀྲང་ངམ་ཕྲ་མཉེན་ཀུང་ཟིའི་གསར་གཏོད་བྱེད་མཁན་པི་ཨར་ཀའེ་ཚི་ལ་ཐུག་ཕྲད་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མ་ཀྲན་ཁྲེང་གིས་པར་བླངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ11པའི་ཚེས3ཉིན་ཀྲུང་ནན་ཧེ་ཙི་ཀོང་གུ་ནས་ཨ་མེ་རི་ཁ་ཐེ་ལཱ་ནུས་ཁུངས་ཀུང་ཟིའི་ཏུང་ཧྲི་ཀྲང་ངམ་ཕྲ་མཉེན་ཀུང་ཟིའི་གསར་གཏོད་བྱེད་མཁན་པི་ཨར་ཀའེ་ཚི་ལ་ཐུག་ཕྲད་གནང་།

ལིས་ཁི་ཆང་གིས། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་རབས་གསར་བའི་ཉིང་རྡུལ་གློག་གི་ལག་རྩལ་གསར་སྤེལ་ཁྱབ་ཁོངས་ནས་མཉམ་ལས་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་མ་རྩ་མཉམ་བཞག་ཀུང་ཟི་བཙུགས་ཏེ་ཕྱོགས་གཉིས་ཀས་སོ་སོར་མ་རྐང་ཕྱེད་ཀ་འཛིན་རྒྱུ་དང་ཤེས་བྱའི་ཐོན་དབང་མཉམ་སྤྱོད་བྱེད་པར་ཁ་ཆད་འཇོག་དགོས། འདི་ནི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་ལག་རྩལ་མཐོ་ཤོས་ཀྱི་མཉམ་ལས་ཏེ། ཕྱོགས་གཉིས་ཀྱི་རང་འགུལ་གྱིས་མཉམ་ལས་ཐེངས་གཅིག་ཡིན་པས་ཕྱོགས་གཉིས་ཕན་ཚུན་བར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད། མིག་སྔར་ཨ་མེ་རི་ཁ་ཕྱོགས་ལ་སྔོན་ཐོན་གྱི་ལག་རྩལ་ལྡན་ཞིང་ཀྲུང་གོའི་ཕྱོགས་ལ་དམངས་ཀྱི་བློ་གྲོས་ཀྱི་མངོན་མེད་ནུས་ཤུགས་ལྡན་པས་ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་པ་བརྒྱུད་ཕན་ཚུན་ལ་རྒྱལ་ཁ་ལོན་པར་ཡིད་ཆེས་ཡོད་ཞེས་བསྟན།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ནས་རང་ཉིད་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་དགེ་མཚན་དེ་ཕྱི་རྒྱལ་གྱི་སྔོན་ཐོན་ལག་རྩལ་གྱི་ཁྱབ་ཁོངས་དགེ་མཚན་དང་ཟུང་དུ་སྤྲེལ་ནས། འཕྲིན་སྦྲེལ་དྲ་བའི་སྟེགས་བུ་བེད་སྤྱོད་གང་ལེགས་བྱེད་པ་དང་། ལག་རྩལ་ལ་སྐུལ་འདེད་བྱས་ནས་མཉམ་ལས་མངོན་འགྱུར་བྱེད་པ། ལག་རྩལ་འཕེལ་རྒྱས་འབྱུང་བར་སྐུལ་སྤེལ་བཅས་བྱས་ནས་སྔར་ལས་ལྷག་པར་མིའི་རིགས་ལ་བདེ་སྐྱིད་བསྐྲུན་དགོས།

པི་ཨར་ཀའེ་ཚི་ཡིས་བཤད་རྒྱུར། དུས་རབས་གསར་བའི་ཉིང་རྡུལ་ནུས་པས་མིའི་རིགས་ཀྱི་མ་འོངས་ནུས་ཁུངས་ལག་རྩལ་འཕེལ་རྒྱས་ཐད་ནས་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པས། ནུས་ཁུངས་དེ་དག་གཙང་དང་བདེ་འཇགས་ཡིན་པར་ཁག་ཐེག་བྱ་དགོས། ང་ཚོས་ཀྲུང་གོའི་ཁེ་ལས་དང་མཉམ་དུ་འབྲེལ་ཡོད་ཁྱབ་ཁོངས་ནས་མཉམ་ལས་བྱ་རྒྱུ་དང་། ཀྲུང་གོའི་ཕུན་སུམ་ཚོགས་པའི་འཇོན་མིའི་ཐོན་ཁུངས་བེད་སྤྱོད་དང་དེར་མཐོང་ཆེན་བྱས་ནས་མུ་མཐུད་དུ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ནས་ཕྱོགས་གཉིས་ཀྱི་མཉམ་ལས་འདུན་པ་དེ་མངོན་འགྱུར་བྱ་དགོས། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་སྒྱུར་བྱས།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།