ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་པས་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་བསྡུས་པ་དང་ཀྲང་ཏི་ཅང་གིས་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

72179977e6ab9ae165e7f88cd33e1ee1.jpg

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་པས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་སྲ་གཟུགས་བེད་མེད་དངོས་རྫས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱེད་པར་འབྲེལ་ནས་ཆེད་དོན་འདྲི་ཞིབ་བྱས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་པས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་སྲ་གཟུགས་བེད་མེད་དངོས་རྫས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱེད་པར་འབྲེལ་ནས་ཆེད་དོན་འདྲི་ཞིབ་བྱས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འགོ་འཛིན་མཛད།

རྒྱལ་སྲིད་ཨུ་ཡོན་ཝང་ཡུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་ཚོགས་འདུར་ཞུགས་ནས་འདྲི་ཞིབ་དང་ལེན་བྱས།

ཀྲང་ཏི་ཅང་གིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་ཧྭ་མི་རིགས་དུས་གཏན་དུ་འཕེལ་རྒྱས་སུ་འགྲོ་བའི་སྟོང་ལོའི་ཇུས་ཆེན་ཡིན་ཞེས་བསྟན་ཡོད་པས། སྲ་གཟུགས་བེད་མེད་དངོས་རྫས་དང་གད་སྙིགས་ཐག་གཅོད་པར་ཤུགས་སྣོན་དགོས། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། དེ་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ཏེ། དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་རི་བོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་པ་དང་ལག་བསྟར་བྱས་ནས། སྲ་གཟུགས་བེད་མེད་དངོས་རྫས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཁོར་ཡུག་གི་འབུར་ཐོན་གནད་དོན་ཧུར་ཐག་གིས་ཐག་གཅོད་པ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་རྩོད་ལས་རྣམ་པར་རྒྱལ་བར་བྱེད་པ། ལྗང་མདོག་འཕེལ་རྒྱས་མྱུར་དུ་སྤེལ་བ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྐྲུན་པ་བཅས་བྱས་ཏེ། མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་དགོས་མཁོ་སྔར་ལས་བཟང་པོར་བསྐོང་དགོས། སྲ་གཟུགས་བེད་མེད་དངོས་རྫས་བཅོས་སྐྱོང་བྱེད་པར་ཧ་ཅང་མཐོང་ཆེན་བྱས་ཏེ། སྲ་གཟུགས་བེད་མེད་དངོས་རྫས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་དང་། འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། སྲིད་ཇུས་བྱེད་ཐབས་བཅས་ཕན་ནུས་ལྡན་པར་ལག་བསྟར་བྱེད་པར་གཅིག་གྱུར་གྱིས་མཐུན་སྦྱོར་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་ལེགས་བཅོས་འབྱུང་བར་ཡར་སྐུལ་བྱེད་དགོས། སྲ་གཟུགས་བེད་མེད་དངོས་རྫས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་རྒྱུ་དེ་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ནུས་ལྡན་བྱེད་ཐབས་སུ་བརྩིས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་རྣམ་པ་དང་ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་ཐབས། འཚོ་བ་རོལ་སྟངས་བཅས་ཆགས་པར་ཡར་སྐུལ་བྱེད་དགོས། ཆེས་གཟབ་ནན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བྱས་ཏེ། སྦགས་བཙོག་བཅོས་སྐྱོང་བྱ་བའི་ཁྲིམས་སྐྱོང་ཅན་དང་ཚན་རིག་ཅན། ཁྱོན་ཡོངས་ཡིན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

ཝང་ཡུང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱིས་སྲ་གཟུགས་བེད་མེད་དངོས་རྫས་ཀྱི་སྦགས་བཙོག་བཅོས་སྐྱོང་ཐད་ནས་འཕེལ་རིམ་ལེགས་པོ་བླངས་ཡོད་མོད། ཡིན་ནའང་འབུར་དུ་ཐོན་པའི་གནད་དོན་ཡང་མི་ཉུང་བ་གནས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་སྡེ་ཁག་གིས་མུ་མཐུད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྲ་གཟུགས་བེད་མེད་དངོས་རྫས་དང་རླུང་ཁམས་ཆེན་མོ། ཆུ་དང་ས་རྒྱུ་བཅས་ཀྱི་སྦགས་བཙོག་ཡོངས་སུ་འགོག་བཅོས་བྱས་ཏེ། སྦགས་བཙོག་བཅོས་སྐྱོང་གི་མཁྲེགས་གཏོར་འཐབ་འཛིང་ལས་རྣམ་པར་རྒྱལ་བར་བྱེད་རྒྱུ་ཡིན།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཅན་གོ་དང་ཝང་ཧྲིན་ཅུན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། ཝང་ཁྲིན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨེ་ལེ་ཀིན་དབྱི་མིང་པ་ཧེ། ཝན་ཨི་ཞང་། ཀྲང་པའོ་ཝུན། ཁྲིན་ཀྲུའུ་སོགས་གྲོས་ཚོགས་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།