ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་ཐུན་མོང་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འཁེལ་འགའ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་དང་དངོས་འབེབས་བྱེད་པའི་ལག་བསྟར་ཞིབ་ཕྲ་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐུན་མོང་གཅིག་གྱུར་མགོ་ཁྲིད་ནི་ཏང་གི་མགོ་ཁྲིད་ཀྱི་ཆེས་མཐོའི་རྩ་དོན་ཡིན་པ་དང་། དེ་གཞིར་རྩ་ནས་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལའང་འབྲེལ་བ་ཡོད། ཏང་ཀྲུང་དབྱང་གི་ཐུན་མོང་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན་ལ། ཐོག་མར་ཀྲུང་དབྱང་མགོ་ཁྲིད་རིམ་པའི་ཆབ་སྲིད་འགན་འཁྲི་ཡིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་ཆགས་པར་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་བརྩི་སྲུང་ནན་མོ་བྱེད་དགོས་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཏང་ཀྲུང་དབྱང་གི་ཐུན་མོང་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་རེ་བ་སྣ་ཚོགས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུན་མོང་གཅིག་གྱུར་མགོ་ཁྲིད་འོག་ཏུ་འགན་འཁྲི་ལག་བསྟར་བྱེད་པ་དང་བྱ་བ་བཟང་བོར་བསྒྲུབ་པར་མ་ཟད། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་སྲུང་སྐྱོབ་བྱས་ཏེ། ཏང་ཡོངས་ཀྱི་འདོད་བློ་གཅིག་བསྡུས་བྱེད་པ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་དམིགས་འབེན་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། གཅིག་བསྡུས་ཀྱི་སྒྲོག་འགྲེལ་བྱ་འགུལ་སྤེལ་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དེ་ཁེ་ལས་དང་ཞིང་སྡེ། ལས་ཁུངས། སློབ་གྲྭ། གཞིས་ཁུལ། དམག་སྒར། དྲ་ཚིགས་བཅས་སུ་དྲིལ་སྒྲོག་བྱེད་པར་སྐུལ་འདེད་གཏོང་དགོས། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་སྣེ་ཁྲིད་དེ་སྒྲོག་འགྲེལ་བྱེད་པ། སྣེ་ཁྲིད་དེ་བྱ་བ་བསྒྲུབ་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གསལ་བོར་བརྗོད་དེ་མང་ཚོགས་ལ་གོ་སླ་བར་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། དངོས་འབེབས་བྱེད་དུ་འཇུག་དགོས་པར་མ་ཟད། ཏང་གི་རིགས་གཞུང་གསར་སྐྲུན་གྲུབ་འབྲས་དེ་མང་ཚོགས་ཀྱིས་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་བ་དང་། ཏང་དང་མང་ཚོགས་ཀྱི་བསམ་བློ་གཅིག་བསྡུས་དང་སྤྱི་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་ཇེ་མང་དུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིག་སྒྲོག ལག་བསྟར་བྱས་ཏེ། ཏང་ཡོངས་སུ་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བརྟན་པོར་ཆགས་པར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས་ལ། རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་གྱི་མགོ་ཁྲིད་སྲུང་སྐྱོབ་བྱེད་དགོས། ཤུགས་ཆེན་པོས་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་མཐོར་གཏོང་དགོས་པར་མ་ཟད་རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།