ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཏང་གི་སྒྲིག་ཡིག་ནང་བྲིས་པ་དེས་སེམས་ཐག་བཅད་པ་དང་ཡིད་ཆེས་བརྟན་པོ་ཡོད་པ་མངོན་མཚོན་བྱས་ཡོད་ཞེས་བསྟན།

ཡོང་ཁུངས། : ཤིན་ཧྭ་དྲ་བ།   རྩོམ་པ་པོ། : ཡན་ཙི་རྨིན།   སྤེལ་དུས། : 2017-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཚེས26ཉིན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་དུས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་བཅུ་པའི་སྟེང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》གྱི་གྲོས་ཆོད་ལ་ཆོག་མཆན་ཐོབ་སྟེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པ་ཏང་གི་སྒྲིག་ཡིག་ནང་བྲིས་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཐོང་ཆེན་བླ་ལྷག་བྱས་པ་མཚོན་ཞིང་། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་སེམས་ཐག་ཆོད་པ་དང་ཡིད་ཆེས་བརྟན་པོ་ཡོད་པ་རེད་ཟེར།

ཀེང་ཧྲོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་ཚོགས་ཆེན་ཐེངས་དགུ་བཅུ་པའི་སྙན་ཞུ་ནང་ནན་གྱིས་བསྟན་དོན། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་ནང་འདྲེན་དང་ཕྱི་གཏོང་རྒྱུན་འཁྱོངས་མཉམ་བརྩི། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། གསར་སྐྲུན་ནུས་པ་དང་མཉམ་ལས་སྒོ་འབྱེད་ལ་ཤུགས་བསྣན་ནས། སྐམ་མཚོ་གཉིས་དང་ཤར་ནུབ་གཉིས་ཀྱི་ཕན་ཚུན་མཉམ་འབྲེལ་དང་སྒོ་འབྱེད་བྱེད་པའི་རྣམ་པ་གསར་ཆགས་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》གྱི་གྲོས་ཆོད་ནང “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་ནང་དོན་དེ་ཏང་གི་སྒྲིག་ཡིག་ནང་བྲིས་ཡོད། འདིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོས “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཐོང་ཆེན་བླ་ལྷག་བྱེད་པ་དང་“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་རྒྱུན་འཁྱོངས་བྱེད་པར་སེམས་ཐག་ཆོད་པ་དང་ཡིད་ཆེས་བརྟན་པོ་ཡོད་པ་མངོན་པར་མཚོན་ཡོད།

ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས2013ལོའི་སྟོན་ཀར“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་བཏོན་པ་ནས་བཟུང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་བདེ་བླག་ངང་འཕེལ་རྒྱས་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ངོས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད་པ་མ་ཟད། རྒྱལ་ཁབ་མང་པོ་ཞིག་ཀྱང་མཉམ་ལས་ནང་ཞུགས་པ་རེད།  “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ཏང་གི་སྒྲིག་ཡིག་ནང་བྲིས་པ་དེས་ང་ཚོས་དུས་རབས་གསར་བའི་ནང་ཕྱོགས་སོ་སོ་དང་མཉམ་འབྲེལ་སྒོས “རྒྱུད་གཅིག་ལམ་གཅིག” འཛུགས་སྐྲུན་བྱ་རྒྱུ་དང་། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བྱེད་པར་སྔར་ལས་ཁ་ཕྱོགས་གསལ་བོ་བསྟན་ཡོད་པ་རེད། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་སྒྱུར་བྱས།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།