ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121828375_15084351149301n.jpg

ཟླ10པའི་ཚེས19ཉིན། ལིས་ཁི་ཆང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས19ཉིན་གྱི་སྔ་དྲོར། བློ་མཐུན་ལིས་ཁི་ཆང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས། ཁོས་བསྟན་དོན། བློ་མཐུན་ཞི་ཅིན་ཕེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་པའི་སྙན་ཞུ་ལས་འདས་པའི་ལོ་ལྔའི་རིང་ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་སྒོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་དང་རྨད་བྱུང་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བར་སྤྱི་བསྡོམས་བྱས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། སྙན་ཞུར་ཏང་ཡོངས་ཀྱི་བློ་གྲོས་གོང་བུ་གཅིག་སྒྲིལ་དང་། དུས་རབས་ཀྱི་བླང་བྱ་དང་མི་དམངས་ཀྱི་ཕུགས་འདུན་མཚོན་ཡོད་པས། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མུ་མཐུད་དུ་མདུན་སྐྱོད་བྱེད་པ་དང་དུས་རབས་གསར་པར་སྐྱོད་པའི་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་ཡིན།

ལིས་ཁི་ཆང་གིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་ངེས་པར་དུ་སེམས་སུ་ཏང་ཡོད་པ་དང་། སེམས་སུ་དམངས་བཅངས་ཏེ། ང་ཚོའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་སྒྲུབ་པའི་རྩ་བའི་དགོངས་དོན་རྒྱུན་འཁྱོངས་བྱེད་དགོས།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ཏེ་མང་ཚོགས་ཀྱིས་ཆེས་དོ་སྣང་བྱེད་པ་དང་ཆེས་ཐད་ཀར། ཆེས་དོན་དངོས་ཡིན་པའི་ཁེ་ཕན་གནད་དོན་དམ་འཛིན་བྱེད་པ་དང་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། མི་དམངས་སྔར་ལས་མང་པོ་ཞིག་གི་ལས་ཞུགས་དང་། སྔར་ལས་ལེགས་པའི་སློབ་གསོ་དང་སྨན་བཅོས། སྔར་ལས་བཟང་བའི་སྤྱི་ཚོགས་འགན་སྲུང་འདོན་སྤྲོད་བྱ་དགོས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་། གནད་ཕིགས་དབུལ་ཐར། སྦགས་བཙོག་འགོག་བཅོས་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པར་བརྩོན་དགོས། སྤྱི་ཚོགས་བཅོས་སྐྱོང་འཐུས་ཚང་དང་འདྲ་མཉམ་དྲང་བདེན་ལ་སྐུལ་སྤེལ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་ཞིག་གྲུབ་པར་སྐུལ་འདེད་གཏོང་བ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ལེགས་པོས་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་སྐྲུན་དགོས་པའི་བླང་བྱ་བཏོན།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱས་ཏེ། རང་རྟོགས་སྒོས་ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་དགོས། “ཡིད་ཆེས་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་དགོས་པར་མ་ཟད། བློ་ཐག་རྦད་ཆོད་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བཟང་པོ་བྱས་ནས། རླབས་ཆེའི་འཐབ་རྩོད་བྱེད་པ་དང་། རླབས་ཆེའི་ལས་གཞི་འཛུགས་སྐྲུན། རླབས་ཆེའི་ལས་དོན་ལ་སྐུལ་སྤེལ། རླབས་ཆེའི་ཕུགས་འདུན་མངོན་འགྱུར་བཅས་བྱས་ཏེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས་ཟེར། 

བློ་མཐུན་མཱ་པིའོ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།