ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་ཚེ་མེན་ཀྲའོ་ཡིས་པེ་ཅིན་ནས་ཧྥ་རན་སིའི་གསར་འགྱུར་ཁང་གི་མགོ་གཙོ་ཨོ་ཀི་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་ཚེ་མེན་ཀྲའོ་ཡིས་པེ་ཅིན་ནས་ཧྥ་རན་སིའི་གསར་འགྱུར་ཁང་གི་མགོ་གཙོ་ཨོ་ཀི་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་གསར་འགྱུར་ཁང་གཉིས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཚེ་མེན་ཀྲའོ་ཡིས་བཤད་རྒྱུར། ད་ལོ་ནི་ཞིན་ཧྭ་གསར་འགྱུར་ཁང་དང་ཧྥ་རན་སིའི་གསར་འགྱུར་ཁང་བར་གསར་འགྱུར་བརྗེ་རེས་གྲོས་མཐུན་བཀོད་ནས་ལོ་དྲུག་ཅུ་ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་འབྲེལ་བ་སྲུང་འཛིན་བྱེད་པ་དང་། སྲོལ་རྒྱུན་སྨྱན་བྱད་ཀྱི་ཚུལ་སྒྱུར་འཕེལ་རྒྱས་ཐད་ལ་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་བྱེད་དགོས་ཟེར།

ཚེ་མེན་ཀྲའོ་ཡིས་ཨོ་ཀི་ལ་ཞིན་ཧྭ་གསར་འགྱུར་ཁང་གིས་པར་རིན་དང་བརྙན་ཐུང་། དངུལ་རྩའི་ཆ་འཕྲིན། ལག་རྩལ་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་མཚམས་སྦྱོར་བྱས་པར་མ་ཟད་ཧྥ་རན་སིའི་གསར་འགྱུར་ཁང་དང་མཉམ་དུ་སྨྱན་བྱད་གསར་བའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

ཨོ་ཀི་ཡིས་བཤད་རྒྱུར། ཧྥ་རན་སིའི་གསར་འགྱུར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་གཉིས་ཀྱིས་ཡུན་རིང་ལ་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་སྨྱན་བྱད་ཀྱི་ཚུལ་སྒྱུར་འཕེལ་རིམ་ཁྲོད་དུ་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་གསར་སྐྲུན་ཉམས་མྱོང་ལོངས་སྤྱོད་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།