ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒ

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་བརྒྱད་ལོན་པར་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་སྣེ་ལེན་ཚོགས་འདུར་ཞུགས་པའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཞང་ཀང་གི་སྤུན་ཟླ་དང་ཨོ་མིན་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། དེ་མིན་ཕྱི་སྡོད་རང་མི་བཅས་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་དེང་སྐབས་ཀྱི་འཛམ་གླིང་དང་དེང་རབས་ཀྲུང་གོའི་འཕེལ་ཕྱོགས་གསལ་བོར་ཤེས་པར་བྱས་ཤིང་། ལག་ལེན་གྱི་རེ་བ་དང་མི་དམངས་ཀྱི་རེ་འདུན་དང་མཐུན་པར་བྱས་ཏེ། གཅིག་གྱུར་སྒོས་སྣེ་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱས་པ་དང་མཐུན་སྦྱོར་སྒོས་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་པར་མ་ཟད། འཐབ་ཇུས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་པ་དང་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་གཏན་ཁེལ་བྱས་ཤིང་། བྱ་བ་གལ་ཆེན་རབ་དང་རིམ་པ་ནན་ཏན་སྒོས་བསྒྲུབས་པ་དང་ཡུན་རིང་ལ་ཐག་གཅོད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་གནད་དོན་གང་མང་ཐག་བཅད་ཅིང་། སྔོན་ཆད་སྒྲུབ་འདོད་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་གང་མང་བསྒྲུབས། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་དང་ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཀྱི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་བྱུང་ཞིང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་སླེབས་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ང་ཚོས་སྔོན་ཆད་དང་འདྲ་བར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པ་དང་། ཞང་ཀང་བས་ཞང་ཀང་སྐྱོང་བ་དང་ཨོ་མིན་པས་ཨོ་མིན་སྐྱོང་བའི་ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་དོན་དག་སྒྲུབ་པ་དང་། ཞང་ཀང་དང་ཨོ་མིན་གྱིས་རྒྱལ་ཁབ་དེང་རབས་འཕེལ་རིམ་ཁྲོད་དུ་དམིགས་བསལ་གྱི་ནུས་པ་འདོན་དགོས་པར་མ་ཟད་ཞང་ཀང་དང་ཨོ་མིན་ཡུན་རིང་དར་རྒྱས་གོང་འཕེལ་དུ་འགྲོ་བར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། 
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།