རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལོ་ལྔའི་རིང་ཞིང་པ་ལས་མིར་འགྱངས་ཆད་གླ་ཆ་སྒོར་དུང་ཕྱུར301.3ལེན་རོགས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར།ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་གསར་འགྱུར་ལྟེ་གནས་ཀྱིས་དམངས་འཚོའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་རིམ་ཁག་བཟོ་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་དམངས་འཚོ་ལེགས་སུ་གཏོང་རོགས་དང་བློ་གཅིག་སེམས་གཅིག་གིས་ལས་བཟོར་ཞབས་འདེགས་ཞུས་ནས་ལས་བཟོའི་ཐོབ་ཚོར་གྱི་བྱེད་ཐབས་དང་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་བའི་ནང་ཞིང་པ་ལས་མིའི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཞིང་པ་ལས་མི་དུང་ཕྱུར2.82ཡོད། གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་ལྔའི་རིང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་ནས་ཞིང་པ་ལས་མི་ཁྲི508.4ལ་འགྱངས་ཆད་གླ་ཆ་སྒོར་དུང་ཕྱུར301.3ལེན་རོགས་བྱས་པ་དང་། ཞིང་པ་ལས་མི་མི་ཐེངས་ཁྲི2458.4བདེ་འཇགས་ངང་ཕ་ཡུལ་དུ་ལོག་ཐུབ་པ་བྱས་པ། ཆེད་ལས་ཁྲིམས་རྩོད་པ་སྒྲིག་འཛུགས་བྱས་ནས་ཞིང་པ་ལས་མིར་རིན་མེད་ཀྱི་ཁྲིམས་ལུགས་བློ་འདྲིའི་ཞབས་ཞུ་ཐེངས་ཁྲི་5000ལྷག་ཙམ་བྱས་ཡོད། ཞིང་པ་ལས་མིའི་ལས་རིགས་ནད་ཀྱི་འགོག་བཅོས་ལ་དོ་སྣང་བྱས་ཏེ་སྡེ་ཚན10དང་མཉམ་དུ་《ཞིང་པ་ལས་མིའི་རྡུལ་གྲིབ་གློ་ནད་ཀྱི་འགོག་བཅོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》བཟོས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྩལ་ནུས་གསོ་སྦྱོང་སྐུལ་སྤེལ་འཆར་གཞི་གཏིང་ཟབ་སྤེལ་ནས་ལོ་ལྟར་ཞིང་པ་ལས་མི་ཁྲི300ལྷག་ཙམ་ལ་ལས་ཞུགས་མཁོ་འདོན་དང་ལས་གཏོད་གསོ་སྦྱོང་བྱེད་ཀྱི་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།