ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་རེ་བཞི་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7cc3fc1e96a90bceef4da7db7c6e9378.jpg

ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་མགོ་འཛིན་བྱས་ཏེ་རྒྱལ་ཡོངས་སྲིད་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་རེ་བཞི་བ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་མགོ་འཛིན་བྱས་ཏེ་རྒྱལ་ཡོངས་སྲིད་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་རེ་བཞི་བ་བསྡུས། ཚོགས་ཐོག་ནས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུ་རྒྱུའི་ཐག་བཅད་པ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་དོན་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་རེད།

གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་གྲོས་རིམ་འཆར་ཟིན་དང་ཉིན་ཐོའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གྲོས་རིམ་འཆར་ཟིན་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པར་སྤྲད་ནས་གྲོས་ཞིབ་བྱེད་དུ་འཇུག་རྒྱུ་རེད། 
གྲོས་ཚོགས་སྟེང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་ཞིབ་བཤེར་བྱ་བའི་སྒྲིག་སྲོལ་ཞིབ་ཕྲ་ལ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་། 
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཚོགས་ཆེན་ཐེངས་བཅུ་དགུ་བར་བསུ་བ་བྱེད་པ་དང་། ཚོགས་ཆེན་ཐེངས་བཅུ་དགུ་བར་ཞབས་ཕྱི་སྒྲུབ་པ། ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་རྒྱུ་ནི་དེང་སྐབས་དང་ཕྱིན་ཆད་དུས་སྐབས་ཤིག་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་མ་འོངས་གསར་གཏོད་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལས་རིགས་ཁག་གི་མི་སྣར་ཡོངས་ཁྱབ་ཏུ་མཐུན་སྒྲིལ་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་བསྡུ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས་པ་སྟེ། གཅིག་ནི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། གཉིས་ནི་སྐབས་འདིའི་སྲིད་གྲོས་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་དགོས་པ། གསུམ་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་པ་བཅས་རེད།

རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཕན་ལིས་ཀང་དང་། རྒྱལ་ཡོངས་སྲིད་གྲོས་གྲོས་འདོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སུང་ཅིན་གཉིས་ཀྱིས་འབྲེལ་ཡོད་གྲོས་དོན་ཐད་ནས་སོ་སོར་གསལ་བཤད་བྱས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།