ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་ཡོ་ནན་གྱི་མགྲོན་པོར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

88f796d9d63d5fffe504e613e9ea7111.jpg

ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲི་ཡུས་དབྱིན་ལ་ཐུག་འཕྲད་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་དྲུག་ཉིན་པེ་ཅིན་ནས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲི་ཡུས་དབྱིན་ལ་ཐུག་འཕྲད་བྱས།

ཡུས་ཀྲིན་ཧྲིན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཡོ་ནན་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ད་ལོར་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཐུག་འཕྲད་ཐེངས་མང་བྱས་ཏེ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་ནན་བར་གྱི་མཛའ་མཐུན་འབྲེལ་བའི་ཁྱོན་ཡོངས་དམ་འཛིན་བྱེད་པ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་སྟེ། ཕྱིན་ཆད་དུས་སྐབས་ཤིག་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། འགལ་བ་ཐག་གཅོད་བཟང་བོ་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། སྲིད་ཞུགས་སྲིད་གྲོས་ཐད་ཀྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་དང་དམངས་ཁྲོད་བརྗེ་རེས་ལ་སྐུལ་འདེད་གཏོང་བར་ནུས་པ་བཟང་བོ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

ཀྲང་ཧྲི་ཡུས་དབྱིན་གྱིས་བཤད་རྒྱུར། ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་བར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཀྲང་ཆིན་ལིས་ཐུག་འཕྲད་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།