ལིས་ཁི་ཆང་གིས་ཨ་མེ་རི་ཁའི་ཚོང་དོན་པུའུ་ཀྲང་ལའོ་སི་ལ་ཐུག་འཕྲད་བྱས།

a05b7f8f95fa2e9e8c3bc68467945d3d (1).jpg

ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་ཚོང་དོན་པུའུ་ཀྲང་ལའོ་སི་ལ་ཐུག་འཕྲད་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་ལྔ་ཉིན་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་ཚོང་དོན་པུའུ་ཀྲང་ལའོ་སི་ལ་ཐུག་འཕྲད་བྱས། 

ལིས་ཁི་ཆང་གིས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཐེངས་མང་པོར་ཕན་འབྲས་ལྡན་པའི་ངང་ཐུག་འཕྲད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོས་གྲོས་མོལ་དང་བརྗེ་རེས་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་སོ་སོར་འཛམ་གླིང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཆེས་ཆེ་བའི་དར་རྒྱས་རྒྱལ་ཁབ་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་རང་སྟེང་གི་ཁེ་ཕན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཡོངས་ཁྱབ་ཏུ་རེ་སྒུག་བྱས་པ་ཡིན་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་ཕྱོགས་གཙོ་བོ་ནི་མཉམ་ལས་ཡིན་པ་དང་། ཐུན་མོང་གི་ཁེ་ཕན་དེ་འགལ་བ་ལས་ཆེ། ང་ཚོས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་གྱི་དགོངས་དོན་གཞིར་བཟུང་སྟེ། ཉོ་ཚོང་གི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། གྲོས་མོལ་བྱས་ནས་འགལ་བ་ཐག་གཅོད་བཟང་བོ་བྱེད་འདོད་ཡོད་ཟེར།

ལའོ་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གོམ་པ་བརྟན་འཇགས་སྒོས་ཇེ་མགྱོགས་སུ་བཏང་བར་དགའ་བསུ་ཞུས་པ་ཡིན་ལ། དོན་དངོས་ཀྱི་རྣམ་འགྱུར་བཟང་བོ་སྟེ་ཀྲུང་གོ་བར་གྱི་གྲོས་མོལ་དང་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཉོ་ཚོང་དངུལ་གཏོང་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། མི་གཞུང་བརྗེ་རེས་དང་མི་སྣའི་བར་གྱི་འགྲོ་འོང་ཇེ་མང་དུ་བཏང་སྟེ། མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།