ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མགོ་འཛིན་བྱས་ཏེ་ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པར་མ་ཟད་གཏམ་གལ་ཆེན་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་མགོ་འཛིན་བྱས་ཏེ་ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པར་མ་ཟད་གཏམ་གལ་ཆེན་བཤད།

ཁོས་ནན་གྱིས་བསྟན་དོན། དམག་དམངས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་གོ་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། གོ་རིམ་ལྡན་པའི་ཚན་རིག་དང་གོ་རིམ་ལྡན་པའི་བསམ་ཕྱོགས། གོ་རིམ་ལྡན་པའི་བྱེད་ཐབས་བཅས་ལ་བརྟེན་ནས་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་དགོས་པར་མ་ཟད་གནད་སའི་བརྒལ་གཏོར་རྒྱུན་འཁྱོངས་བྱེད་པ་དང་། དེང་སྐབས་དམ་འཛིན་བྱེད་དགོས་པར་མ་ཟད་ཡུན་རིང་ལ་ཇུས་འགོད་བྱེད་དགོས་ལ། དགོས་མཁོའི་འབྲེལ་མཐུད་ནུས་པ་ཇེ་ཆེར་གཏོང་བ་དང་བཅོས་སྒྱུར་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་དགོས་ལ། ཐོན་ཁུངས་ལེགས་སྒྲིག་ནུས་པ་ཇེ་ཆེར་བཏང་སྟེ་ཁྱབ་ཁོངས་གཙོ་བོ་གནད་སར་འཛིན་པ་དང་སྤྱིའི་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་ནས། རྒྱུ་རྐྱེན་སྣ་ཚོགས་དང་ཁྱབ་ཁོངས་རྒྱ་ཆེ་བ། ཕན་འབྲས་མཐོ་བ་བཅས་ཀྱི་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མྱུར་དུ་ཆགས་པར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་སྲུང་ཚན་རྩལ་བཟོ་ལས་འཕེལ་རྒྱས་འཆར་འགོད་དང་རྒྱལ་སྲུང་ཚན་རྩལ་བཟོ་ལས་ལ་སྐུལ་འདེད་བཏང་ནས་དམག་དམངས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་དམག་དོན་མཁོ་སྒྲུབ་ལ་སྐུལ་འདེད་བཏང་ནས་དམག་དམངས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་འབྲེལ་བ་དམ་པོ་ཡོད་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་རྒྱལ་སྲུང་དོ་དམ་ཚོད་ལྟའི་བྱེད་ཐབས་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བྱ་བར་བཀོད་སྒྲིག་བྱས།

ཀྲུང་དབྱང་དམག་དམངས་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། དེ་མིན་དམག་དོན་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།