ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་འཐུས་མིར་ཐུག་འཕྲད་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱིས་ས་གནས་སོ་སོ་རུ་ཤུགས་རྐྱེན་ཆེན་པོ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་འཐུས་མིར་ཐུག་འཕྲད་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱིས་ས་གནས་སོ་སོ་རུ་ཤུགས་རྐྱེན་ཆེན་པོ་ཐེབས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དེང་སྐབས་བཟང་བའི་སྤྱི་ཚོགས་བདེ་འཇགས་ཁོར་ཡུག་དེ་ཐོབ་སླ་མོ་ཞིག་མིན་པ་དང་བདེ་འཇགས་འཛུགས་སྐྲུན་བྱ་བ་དེ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་པའི་ཚུལ་བསྟན།

རྒྱ་ཆེའི་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྒྲུབ་མཁན་དང་སྤྱི་ཚོགས་བདེ་འཇགས་དང་བླངས་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པར་མ་ཟད། སྤྱི་ཚོགས་བདེ་འཇགས་དེ་མི་རེ་རེའི་ཁེ་ཕན་ལ་འབྲེལ་བ་ཡོད་པས། ཁོ་ཚོས་རྒྱུན་འཁྱོངས་ལྷོད་མེད་སྒོས་བདེ་འཇགས་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་རྒྱུའི་ཚུལ་བསྟན།

རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་འཛུགས་སྐྲུན་ཐད་ལ་རེ་བ་མཐོན་པོ་བཏོན་པས། ཁོ་ཚོས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ་དེ་སྔར་ལས་འབུར་ཐོན་ཡིན་པའི་གོ་གནས་སུ་བཞག་སྟེ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་ངེས་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།