ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས2017ལོའི་རྒྱུད་གཅིག་ལམ་གཅིག་སྨྱན་བྱད་མཉམ་ལས་གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མི་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་བདུན་ལོའི་རྒྱུད་གཅིག་ལམ་གཅིག་སྨྱན་བྱད་མཉམ་ལས་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཕྱི་རྒྱལ་གྱི་འཐུས་མི་ལ་ཐུག་འཕྲད་བྱས་པར་མ་ཟད་ཚང་མས་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ།

ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་གཞི་བཏོན་པ་ནི་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་འཚོལ་ཞིབ་དང་ལག་ལེན་གལ་ཆེན་ཞིག་ཡིན། ལོ་བཞིའི་རིང་ལ། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་མཉམ་ལས་ཇུས་གཞི་ལ་མཉམ་གྲོས་བྱས་པ་དང་མཉམ་ལས་ལས་གཞི་མཉམ་སྐྲུན་བྱས་པ། མཉམ་ལས་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པར་མ་ཟད། འདུ་ཤེས་ནས་འགུལ་སྐྱོད་དང་འཆར་གཞི་ནས་ལག་བསྟར་བྱེད་པའི་དུས་སྐབས་གསར་བར་སླེབས་ཡོད། ང་ཚོས་མཉམ་ལས་ཀྱི་ཐུན་མོང་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་ཁྱོན་ཡོངས་ཀྱི་མཉམ་ལས་ཆུ་ཚད་ཇེ་མཐོར་བཏང་སྟེ། རྒྱུད་གཅིག་ལམ་གཅིག་དེ་ཞི་བདེ་དང་དར་རྒྱས། སྒོ་འབྱེད། གསར་སྐྲུན། དཔལ་ཡོན་བཅས་ལྡན་པའི་བགྲོད་ལམ་འཛུགས་སྐྲུན་བྱེད་པར་མ་ཟད་འབྲེལ་ཡོད་རྒྱལ་ཁབ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་ངེས་ཡིན་ཟེར།

ཕྱི་རྒྱལ་གྱི་འཐུས་མིས་མཐའ་གཅིག་ཏུ་བལྟས་ན། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་མགོ་བཏོན་པ་དེ་ཕྱོགས་སོ་སོའི་ཁེ་ཕན་དང་མཐུན་པ་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པས། བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་ཕན་པ་ཡོད་པའི་ཁོར་ཡུག་བཟང་བོ་ཞིག་ཆགས་པར་སྐུལ་འདེད་གཏོང་འདོད་ཡོད་པར་སྙམ།

ཉིས་སྟོང་བཅུ་བདུན་ལོའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་སྨྱན་བྱད་མཉམ་ལས་གླེང་སྟེགས་དེ་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་ཤིང་། རྒྱལ་ཁབ་བརྒྱ་དང་ཉེར་དྲུག་གི་སྨྱན་བྱད་དང་རིག་མཛོད། རྒྱལ་སྤྱིའི་རྩ་འཛུགས་ཉིས་བརྒྱ་དང་རེ་ལྔ་ནས་ཡོང་བའི་འཐུས་མི་སུམ་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།