ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ལས་ཞུགས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་དོན་དག་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། གཅིག ལས་སྤེལ་གསར་སྐྲུན་དང་སྒུལ་ནུས་གསར་བས་ལས་ཞུགས་ཐད་སྣེ་ཁྲིད་ཀྱི་ནུས་པ་འདོན་པར་ཤུགས་སྣོན་དགོས། གཉིས། མང་ཚོགས་ཚོགས་པ་གཙོ་བོའི་ལས་ཞུགས་འགན་སྲུང་བྱེད་དགོས། གསུམ། ལས་རིགས་སློབ་གསོ་དང་ལག་རྩལ་བཟོ་བའི་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་ལས་རིགས་རྩལ་ནུས་གསོ་སྐྱོང་ལ་ཤུགས་བསྣན་ནས། ལས་ཞུགས་སྒྲིག་གཞི་རང་བཞིན་གྱི་འགལ་བ་ཐག་གཅོད་དགོས། བཞི། ལས་ཞུགས་གསར་བའི་རྣམ་པ་དང་མཐུན་པའི་སྤྱི་ཚོགས་འགན་སྲུང་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ས་གནས་གཞན་ནས་སྤྱི་ཚོགས་འགན་སྲུང་ཁྲོད་དུ་ཞུགས་པ་དང་སྒྱུར་སྤོར་འབྲེལ་མཐུད་སྟབས་བདེ་ཅན་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། ལྔ། མི་ཤུགས་ཐོན་ཁུངས་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་སྤྱིའི་ཉོ་ཚོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་གཏོང་བ་དང་ལས་རིགས་གསར་སྐྲུན་ལ་སྐུལ་འདེད་བཏང་ན། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་རྣམ་པ་སྒྱུར་བ་དང་ཕྱོགས་བསྡུས་འགྲན་རྩོད་ནུས་ཤུགས་ཇེ་ཆེར་འགྲོ་བར་ཕན་པ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།