ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཅེ་ཁྲི་ཡིས་འཇར་མན་གྱི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཅ་པུའུ་ལི་ཨར་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

da0e362a36cc07883842d315dab61fe5.jpg

ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་ཡིས་པེ་ཅིན་ནས་འཇར་མན་གྱི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཅ་པུའུ་ལི་ཨར་ལ་ཐུག་འཕྲད་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་ཡིས་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་འཇར་མན་གྱི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཅ་པུའུ་ལི་ཨར་ལ་ཐུག་འཕྲད་བྱས།

དབྱང་ཅེ་ཁྲི་ཡིས་བཤད་རྒྱུར། ད་ལོའི་ཟླ་བདུན་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་ལ་རྒྱལ་དོན་འཚམས་འདྲི་ཕུན་སུམ་ཚོགས་པ་བྱས་པར་མ་ཟད། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧན་པོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་ཏེ། ཀྲུང་གོ་དང་འཇར་མན་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་སོགས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པ་དང་བསྟུན་ནས། འདྲ་མཉམ་སྒོས་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བར་བརྩི་འཇོག་བྱེད་པ། མཉམ་ལས་གཉིས་རྒྱལ་བྱེད་པ་བཅས་ཀྱི་དགོངས་དོན་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དམངས་འདུན་རྨང་གཞི་རྒྱུན་ཆད་མེད་པར་དུ་ཇེ་བརྟན་དུ་གཏོང་དགོས་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་དངུལ་གཏོང་གྲོས་ཆོད་གྲོས་མོལ་སོགས་ལས་དོན་གལ་ཆེན་བཟང་བོར་སྒྲུབ་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཅ་པུའུ་ལི་ཨར་གྱིས་བཤད་རྒྱུར། འཇར་མན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་ཡོད་ལ། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཡོ་རོབ་གླིང་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཁ་ཤས་དང་། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་འབྲེལ་བ་སོགས་ཐད་ནས་བསམ་འཆར་བརྗེ་རེས་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།