ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་ས་ཆ་གཞན་ལ་གནས་སྤར་ནས་དབུལ་སྐྱོར་བྱེད་པའི་ཡུལ་དངོས་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས16དང་ཚེས17ཉིན་གཉིས་ལ། རྒྱལ་ཡོངས་ཀྱི་ས་ཆ་གཞན་ལ་གནས་སྤར་ནས་དབུལ་སྐྱོར་བྱེད་པའི་ཡུལ་དངོས་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་ཏ་ཀྲིག་གྲོང་ཁྱེར་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། ས་ཆ་གཞན་ལ་གནས་སྤར་ནས་དབུལ་སྐྱོར་བྱེད་པ་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། དབུལ་ཕོངས་ས་ཁུལ་འཕེལ་རྒྱས་ཀྱི་མི་འདང་ས་ཁ་གསབ་བྱེད་པ། དབུལ་ཐར་མཁྲེགས་གཏོར་འཆར་གཞི་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར། འཆར་འགོད་འཛུགས་སྐྲུན་དང་གནས་སྤོར་བཀོད་སྒྲིག ལས་ཞུགས་བཀོད་སྒྲིག རྗེས་མཐུད་འཕེལ་རྒྱས་སོགས་ཕྱོགས་སུ་བྱ་བ་གང་མང་བསྒྲུབས་ནས་གནས་སྤོར་འཛུགས་སྐྲུན་ལས་འགན་མང་ཤོས་ཡོངས་འགྲུབ་བྱས་པར་མ་ཟད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཐོབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་ལག་བསྟར་ནན་མོ་བྱས་ཏེ། འགན་འཁྲིའི་བསམ་པ་དང་འགན་འཁུར་བསམ་པ། དགོས་གལ་བསམ་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས་ལ། གནས་སྤོར་འཆར་འགོད་ལུགས་མཐུན་སྒོས་ལག་བསྟར་བྱེད་པ་དང་བཟོ་སྐྲུན་སྤུས་ཚད་དམ་འཛིན་བྱས་ནས་དངུལ་གཏོང་ལས་གཞིའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་གནད་ཕིགས་གནས་སྤོར་དང་བདེ་འཇགས་གནས་སྤོར། འོད་ཟེར་གནས་སྤོར་མངོན་འགྱུར་བྱེད་དགོས། གསོ་སྐྱོང་གསོན་ཤུགས་གཅིག་སྡུད་བྱེད་པ་དང་ས་གནས་སོ་སོའི་དོན་དངོས་དང་འབྲེལ་ཏེ་གནས་སྤོར་མང་ཚོགས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་ཡོང་འཕར་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་ལ། གནས་སྤོར་ཁྱིམ་ཚང་སོ་སོ་བརྟན་འཇགས་སྒོས་དབུལ་ཐར་བྱས་ནས་དབུལ་ཐར་མཁྲེགས་གཏོར་འཆར་གཞི་ལག་བསྟར་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཡང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།