ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་ཚོགས་མགོ་བརྩམས་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་ཚོགས་མགོ་བརྩམས་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། 

མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་ནི་གསར་སྐྲུན་ལས་སྤེལ་མཁན་གྱིས་བསམ་བློ་བརྗེ་རེས་དང་གྲུབ་འབྲས་ཁྱབ་གདལ་དུ་གཏོང་བ་དང་། སྤྱོད་བཟང་མངོན་པར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན། དེང་སྐབས་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་དང་ལས་རིགས་སོ་སོ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ཚོང་རའི་དགོས་མཁོ་དང་སྤྱི་ཚོགས་གསར་སྐྲུན་ཐོན་ཁུངས་འབྲེལ་མཐུད་བྱེད་པ་དེས་ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་པ་ཇེ་ཆེར་བཏང་བ་དང་། སྒུལ་ནུས་གསར་རྙིང་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་བར་མ་ཟད་གོ་སྐབས་འདྲ་མཉམ་དང་ལས་ཞུགས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མུ་མཐུད་དུ་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བྱས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་གཙོར་འཛིན་པ་དང་། གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ནན་མོ་བྱེད་དགོས་ལ། མཉམ་བསྲེས་དང་མཐུན་སྦྱོར། མཉམ་སྤྱོད་བཅས་ཀྱི་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྔར་ལས་གསོ་སྐྱོང་བྱས་ནས། འདྲ་མཉམ་འགྲན་རྩོད་ཚོང་རའི་སྒྲིག་ལམ་གསར་སྐྲུན་བྱེད་པ་དང་ལྟ་སྐུལ་དོ་དམ་སྒྲིག་ལམ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལ། ཁེ་ལས་ཆེ་མ་ཆུང་གསུམ་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་། གྲངས་ཀའི་དཔལ་འབྱོར་དང་སྟེགས་བུའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཧུར་ཐག་སྒོས་སྔར་ལས་ཆུ་ཚད་མཐོ་བའི་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་གྲུབ་འབྲས་བླངས་ཏེ། ཐོན་ལས་གསར་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་སྒུལ་ནུས་གསར་བ་རྒྱུན་མཐུད་སྒོས་ཇེ་ཆེར་གཏོང་བ། ཤེས་ལྡན་མི་སྣ་གསར་བ་སྔར་ལས་སྐྱེད་སྲིང་བྱེད་པ་དེས་དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་འཕར་ཐད་ལ་སྟོབས་དང་ལྡན་པའི་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།